ཟླ9ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལེ་ཁེ་ཐེན་སི་ཐན་གྱི་སྲིད་སྐྱོང་རྒྱལ་རྒྱུད་འཛིན་མཁན་ཨ་ལོ་དབྱི་སི་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ75འཁོར་བའི་རིང་ལ། ཀྲུང་ལེ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་མཐའ་འཁྱོངས་བྱས་ནས་མཛའ་འབྲེལ་སྤེལ་རེས་དང་མཉམ་ལས་ཧུར་ཐག སྣེ་མང་ཁྱབ་ཁོངས་སུ་མཐུན་སྦྱོར་དམ་ཟབ་བྱས་ནས་རྒྱལ་ཁབ་ཆེ་ཆུང་དབར་མཛའ་འབྲེལ་མཉམ་གནས་དང་གཉིས་ཕན་གཉིས་རྒྱལ་གྱི་མ་དཔེ་བསྐྲུན་ཡོད། ངས་ཀྲུང་ལེའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཨ་ལའོ་དབྱི་སི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དང་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་སྤེལ་འདོད་ཡོད།
ཨ་ལའོ་དབྱི་སི་ཡིས་བསྟན་དོན། འབྲེལ་བ་བཙུགས་པའི་ཚུན་དུ། ལེ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་མཛའ་འབྲེལ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་འགྲོ་འོང་ཟབ་སྤེལ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད། ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། མཉམ་དུ་འཕེལ་རྒྱས་བརྟན་བརླིང་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོའི་འབྲེལ་བ་ད་ལྟའི་འགྲན་སློང་མང་པའི་དུས་རབས་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ། ལེ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་མ་འོངས་བར་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་མཉམ་དུ་འཕེལ་རྒྱས་སྐུལ་འདེད་གཏོང་རྒྱུར་ཡིད་ཆེས་བརྟན་པོ་ཡོད།