2025ལོའི་ཟླ9ཚེས13ཉིན་གྱི་དགོང་མོར། སྐབས་གཉིས་པའི་བྱི་ལ་དོམ་སེར་གྱི་གཟེགས་རྟགས་གནང་བའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ་བ་རེད། ཐེངས་འདིའི་འཁྲབ་ཁྲིད་པ་རྩེ་གྲའི་མིང་འདོན་ཁྲོད་ནས་སྐུ་ཞབས་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན«གསའ»ལ་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་ཐོབ་པ་རེད། ཁོང་གི་བུ་འཇིགས་མེད་འཕྲིན་ལས་ཀྱིས་ཕ་ལགས་ཀྱི་ཚབ་བྱས་ནས་གཟེངས་རྟགས་བླངས་ཤིང་མྱོང་ཚོར་བཤད།
བྱི་ལ་དོམ་སེར་གྱི་གཟེངས་རྟགས་ནི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་སྤྱིའི་རང་བཞིན་གྱི་བྱ་དགའ་ཆེན་པོ་ཞིག་ཡིན་ལ། གཟེངས་རྟགས་འདི༢༠༢༣ལོ་ནས་བཟུང་གསར་དུ་སྤེལ་ཞིང་། གཙོ་བོར་གློག་བརྙན་དང་བརྙན་འཕྲིན་ཟློས་གར། དངོས་ཟིན་གློག་བརྙན། འགུལ་རིས་གློག་བརྙན་བཅས་སྡེ་ཚན་བཞི་དང་དཔྱད་འདེམས་པའི་དམིགས་བསལ་བྱ་དགའ་བཅས་བཀོད་སྒྲིག་བྱས་ཡོད། དེ་ནི་ལོ་གཉིས་རེར་ཐེངས་རེར་སྤེལ་བ་དང་། འཛམ་གླིང་ལ་ཁ་ཕྱོགས་ཏེ་ཕུལ་བྱུང་གློག་བརྙན་བརྩམས་ཆོས་དཔྱད་འདེམས་བྱེད་བཞིན་ཡོད།