མཚོ་སྔོན་གྱིས་བྱེད་སྒོ་ཆེན་པོ་བཅུའི་ལམ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོ་ནི་རང་རེའི་ཞིང་ཆེན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་ལས་སྒོ་མཇུག་སྒྲིལ་བའི་ལོ་ཡིན་ལ། མགོ་རྩོམ་ས་གསར་པའི་སྟེང་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་འཆར་འགོད་དང་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཟླ9པར། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ44པ་དངོས་སུ་སྤེལ་མགོ་བརྩམས་པ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ནུས་ཤུགས་ཡོད་རྒྱུས་བསྐྲུན་དགོས”ཞེས་པའི་བརྗོད་དོན་ལ་དམ་པོར་དམིགས་ནས། བྱེད་སྒོ་ཆེན་པོ་བཅུ་དངོས་སུ་བཏོན་པ་དང་། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ“ཐུན་མོང་བཞིའི”གཅིག་མཐུན་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། “མོས་མཐུན་བྱེད་དགོས་པ་ལྔ”ཇེ་དྲག་ཏུ་བཏང་སྟེ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན།

དྲིལ་སྒྲོག་ཟླ་ཡི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། མི་རིགས་སྲིད་ཇུས་ཀྱི་སློབ་སྦྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་ཤེས་རྟོགས་དང་ཁོང་དུ་ཆུད་པར་སྔར་ལས་ཁྲིད་སྟོན་བྱས་ཏེ། རྒྱ་ཆེའི་ལས་བྱེད་པའི་མི་རིགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་མི་རིགས་ལས་དོན་སྤེལ་བའི་ནུས་པ་ཆེ་རུ་བཏང་བར་མ་ཟད། སྔོན་ཐོན་ལ་གཟེངས་བསྟོད་བྱས་ནས་ཚད་ཤིང་བཟོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས། ས་གནས་ཁག་གི་ལས་རིགས་སོ་སོ་ནས་ཡོང་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཅིག་སྡུད་ངང་གཟེངས་བསྟོད་བྱས་ཏེ། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་གསར་སྐྲུན་ལས་དོན་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན་ལ་སྐུལ་སྤེལ་གང་ལེགས་བྱས། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་ཉེ་བའི་ལོ་འགའི་རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་ལས་ཀའི་ཉམས་མྱོང་དང་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་དང་དམངས་ཚིས་ལེགས་བཅོས་ཀྱི་གྲུབ་འབྲས་མངོན་གསལ་ཅན་དང་ཟུང་འབྲེལ་བྱས་ནས། དྲིལ་སྒྲོག་ཉིན་མོ་དང་དྲིལ་སྒྲོག་གཟའ་འཁོར་སོགས་ཀྱི་རྣམ་པ་བརྒྱུད་དེ། གཅིག་སྡུད་སྒོས་དྲིལ་སྒྲོག་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་སྤེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་སྦྱོར་བ་དེ་མི་སེམས་ཀྱི་ཟབ་ས་རུ་ཟུག་པར་བྱས།

སྐད་ཆ་ཕན་ཚུན་འབྲེལ་འདྲིས་དང་སློབ་གསོའི་སྣེ་ཁྲིད་ཐད་ནས་ཀྱང་འགྲན་བསྡུར་བྱེད་སྒོ་ཅི་རིགས་སྤེལ་ཏེ་དེ་བསྟུན་གྱི་ཕན་འབྲས་ངེས་ཅན་བླངས། ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རོང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བརྙན་འཕྲིན་གཏམ་བཤད་འགྲན་བསྡུར་སྐབས་གཉིས་པ་སྤེལ་བ་དང་། ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན་ལེགས་འགྲུབ་བྱུང་བའི་རྨང་གཞིའི་སྟེང་དུ།“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས”ཞེས་པ་བརྗོད་དོན་དུ་བཟུང་ནས། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་སྤེལ་བ་དང་། ཕུལ་བྱུང་བརྩམས་ཆོས་དུས་མཉམ་དུ་དྲིལ་སྒྲོག་བྱས་ཏེ། སྐད་ཆ་འབྲེལ་འདྲིས་བྱས་པར་བརྟེན་ནས་མི་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་། རིམ་པ་སོ་སོ་དང་ལས་རིགས་སོ་སོའི་སློབ་གྲྭས་གནད་འགག་གི་དུས་རིམ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། རྩ་འཛུགས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐོར་གྱི་ཤེས་བྱའི་འགྲན་བསྡུར་དང་གཏམ་བཤད་འགྲན་བསྡུར་སྤེལ་ནས། ཕུལ་བྱུང་བདམས་ཐོན་པ་དེ་ཞིང་ཆེན་ཡོངས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུར་བསལ་འདེམས་བྱས་ཏེ། མི་རིགས་སོ་སོའི་དགེ་སློབ་ཡོངས་ཀྱི“མོས་མཐུན་བྱེད་དགོས་པ་ལྔ”ལ་ཤུགས་བསྣན།

ཚོགས་པ་མི་འདྲ་བར་དམིགས་པའི་ཁྱད་ཆོས་ལྡན་པའི་བྱེད་སྒོ་ལའང་དུས་མཉམ་དུ་སྐུལ་འདེད་བཏང་ཡོད། དམངས་གཉེར་དཔལ་འབྱོར་མི་སྣ་རྩ་འཛུགས་བྱས་ནས། “ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ནས། མཐུན་སྒྲིལ་སྒོས་གཅིག་མཐུན་གྱི་བསམ་པ་མཉམ་སྐྲུན་བྱེད”ཅེས་པའི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཏེ། དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་གྱི་མཉམ་ཤུགས་གཅིག་སྡུད་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྲུན་པའི་ཏང་གི་སློབ་ཚན་ཆུང་ངུའི” བརྩམས་ཆོས་བསྡུ་ལེན་དང་དཔྱད་བསྡུར་བྱས་ཏེ། ཏང་འཛུགས་དང་མི་རིགས་ལས་དོན་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས། ལས་ཁུངས་སོ་སོ་རྩ་འཛུགས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་སློབ་གསོའི་རྟེན་གཞི་སོགས་སུ་སོང་ནས། ཕན་ཚུན་ལ་ལྟ་ཞིབ་དང་ཕན་ཚུན་ལ་ཞིབ་བཤེར་བྱས་ཏེ། གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་ཇེ་བརྟན་དུ་བཏང་།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།