ཟླ9པའི་ཚེས11ཉིན་ནས་ཚེས12ཉིན་བར་དུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི“ལོ་ཆུང་གཞོན་ནུའི་ཉིན་མོ”ཡི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། དྲ་རྒྱའི་བདེ་འཇགས་ཀྱི“ཡར་ཐོན་བདུན་གྱི”ལས་དོན་བླང་བྱ་དོན་འཁྱོལ་བྱས་ནས། རྩ་འཛུགས་བྱས་ནས་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་གུང་གཞོན་ཚོགས་པའི་སློབ་ཁྲིད་ཆེན་མོའི་བྱེད་སྒོ་སྤེལ་བ་དང་། ལོ་ཆུང་གཞོན་ནུ་སྟོང་ཙམ་བྱེད་སྒོའི་ཁྲོད་ཞུགས།
བྱེད་སྒོའི་ཁྲོད། སློབ་ཁྲིད་ཆེན་མོས་དྲ་རྒྱའི་བདེ་འཇགས་ཀྱི“ཅི་ཞིག་ཡིན་པ་དང་ཅིའི་ཕྱིར་ཡིན་པ། ཅི་ཞིག་ཡོད་པ། ཅི་ཞིག་སྒྲུབ་དགོས་པ”བཅས་ཕྱོགས་བཞི་ལ་དམིགས་ཏེ། དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བའི་དགོས་གལ་རང་བཞིན་དང་ཉེན་ཚབས་རང་བཞིན་ལ་མ་ལག་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ནས། དྲ་ལམ་གྱི་ཚོགས་མི་ལོ་ཆུང་གཞོན་ནུ་ཚོར་ནང་དོན་ཕུན་སུམ་ཚོགས་པ་དང་གསོན་ཉམས་ལྡན་པའི་སྒོ་ནས་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཤེས་བྱའི་སློབ་ཁྲིད་གྱ་ནོམ་པ་ཞིག་བྱས། འཆད་ཁྲིད་དགེ་རྒན་གྱིས་དཔེ་མཚོན་གྱི་དྲ་རྒྱའི་བདེ་འཇགས་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ། ལས་ཀ་དང་སློབ་སྦྱོང་། འཚོ་བ། གྲོགས་པོ་སྒྲིག་པ་བཅས་ཀྱི་མཐོང་སྣེ་ནས་ལོ་ཆུང་གཞོན་ནུར་ཇི་ལྟར་བྱས་ནས་དྲ་རྒྱའི་བསླུ་བྲིད་སྔོན་འགོག་དང་དྲ་རྒྱའི་ནད་དུག་ལ་ངོས་འཛིན་བྱེད་པ། སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་བར་སྔོན་འགོག་བྱེད་པ། གསང་གྲངས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ། དེ་བཞིན་དྲ་རྒྱའི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་གཡོ་བཅོས་ལ་དོགས་ཟོན་བྱེད་པ་སོགས་ཀྱི་ནང་དོན་གཙོ་བོར་གསལ་བཤད་ཞིབ་མོ་བྱས་ནས། ཚང་མས་རྒྱུན་ལྡན་གྱི་དྲ་ཞུགས་བརྒྱུད་རིམ་ཁྲོད་མི་སྒེར་གྱི་བདེ་འཇགས་འགོག་སྲུང་དང་ཚོར་སྣང་སྐྱེན་པའི་ཆ་འཕྲིན་སྲུང་སྐྱོབ། དྲ་རྒྱའི་བསླུ་བྲིད་སྔོན་འགོག་བཅས་ལ་དོ་སྣང་བྱེད་དགོས་པར་ཁྲིད་སྟོན་བྱས།