ས་གནས་སོ་སོས་སྟོན་འབྲུ་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ད་ལྟ། སྟོན་འབྲུ་ཐོན་སྐྱེད་ཀྱི་གནད་འགག་གི་དུས་སྐབས་ཡིན། ས་གནས་སོ་སོས་བྱེད་ཐབས་སྣ་མང་སྤྱད་དེ་ཞབས་ཞུའི་འགན་ལེན་ལ་ཤུགས་བསྣན་ནས་སྟོན་འབྲུར་ལོ་ལེགས་འབྱུང་བར་རོགས་རམ་བྱས།

བྱང་ཤར་ས་ཁུལ་གྱི་སྔ་སྨིན་ཆུ་འབྲས་ཁག་ཅིག་བརྔ་བསྡུ་བྱེད་འགོ་ཚུགས། ཧེ་ལུང་ཅང་གསར་སྦོལ་ས་ཁུལ་དུ། ས་གནས་ཀྱིས་ཆུ་འབྲས་ཀྱི་རིགས་མི་འདྲ་བའི་སྨིན་ཚད་དང་ཞིང་ཁའི་བཞའ་ཚན་ལ་བསྟུན་ནས། དུས་ཐོག་ཏུ་མྱུར་བསྡུ་དང་དུས་མཚམས་དབྱེ་ནས་ལས་ཀ་བྱས་ཏེ། ཞིང་འབྲེག་འཕྲུལ་ཆས་གཅིག་གི་ཉིན་རེའི་ལས་ཀ་བྱེད་ཚད་མུའུ300ལ་སླེབས།  ཅི་ལིན་གྱིས་སྐྱེ་ལྡན་སེལ་གྱི་རྒྱུ་ཆ་གསར་པ་ལེགས་བཅོས་བྱེད་རྫས་དང་སྐྱེ་ལྡན་ལུད་གཏོར་བ་སོགས་སྐྱེ་དངོས་བཅོས་སྐྱོང་ལག་རྩལ་ལག་བསྟར་བྱས་ཏེ། བ་ཚྭ་ཅན་གྱི་ས་ཞིང་མུའུ་ས་ཡ་གཉིས་ལྷག་ལེགས་བཅོས་ནུས་ལྡན་བྱས།

སྟོན་འབྲུའི་ཐོན་འབབ་བཟང་དགོས་ན། ཞིང་སའི་དོ་དམ་ནི་གནད་འགག་ཡིན། མིག་སྔར་ཧི་པེ་ཡི་མ་རྨོས་ལོ་ཏོག་མུའུ་བྱེ་བ་ལྔ་ལྷག་གཅིག་རྗེས་གཉིས་མཐུད་ངང་ཆུ་གཏོང་བའི་དུས་སུ་སླེབས་པ་དང་། ཞིང་ལས་ལག་རྩལ་པ་ཁྲི་ཙམ་ཡུལ་དངོས་སུ་བསྐྱོད་དེ་ལག་རྩལ་དང་ཞབས་ཞུ་ཞིང་ཁར་སྐྱེལ། ཨན་ཧུའེ་ཡིས་བྱ་བའི་ལམ་སྲོལ་གསར་གཏོད་བྱས་ཏེ།  ཞིང་ལས་ལག་རྩལ་མི་སྣས་ཞབས་ཞུར་འགན་ལེན་དང་གནད་འཁེལ་མཛུབ་ཁྲིད་བྱས་ནས། མིག་སྔར་སྟོན་འབྲུ་མུའུ་བྱེ་བ་གཅིག་ས་ཡ་བདུན་ལྷག་ལ་ལུད་གཏོར།

ལྷོ་ཕྱོགས་ཀྱི་བར་སྨིན་འབྲས་ཡང་བསྟུད་མར་སྨིན་བཞིན་འདུག  ཧུའུ་པེ་ཡི་བར་སྨིན་འབྲས་འདེབས་འཛུགས་རྒྱ་ཁྱོན་མུའུ་བྱེ་བ་གསུམ་ལྷག་ལ་སླེབས་ཡོད། ད་ལོར། ཧུའུ་པེ་ཡིས་ཆུ་འབྲས་ཀྱི་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་ཇེ་མཐོར་གཏོང་བའི་འགུལ་སྐྱོད་སྤེལ་ཏེ། ཐན་འགོག་སོགས་སྤུས་ལེགས་ས་བོན་ཁྱབ་གདལ་བཏང་བ་བརྒྱུད། ཆུ་འབྲས་འདེབས་འཛུགས་ཀྱི་བར་ཐག་ཇེ་ལེགས་སུ་བཏང་ནས། ཐོན་སྐྱེད་བརྟན་བརླིང་དང་ཐོན་སྐྱེད་འཕར་བའི་ཕན་འབྲས་ཐོན་ཡོད། ཅང་ཞི་ཡིས་ཆུ་འབྲས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། འཕྲུལ་བསྡུ་དང་སྲོ་སྐམ། ལས་སྣོན་བཅས་གཞི་གཅིག་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་འདེགས་སྐྱོར་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།