སྐོར་ཐེངས་བཅུ་གཉིས་པའི་ལྷོ་ཁོ་རེ་ཡ་རུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་དུར་འཇུག་གི་མཛད་སྒོ་ཚེས་བཅུ་གསུམ་ཉིན་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ9པའི་ཚེས13ཉིན། སྐོར་ཐེངས་བཅུ་གཉིས་པའི་ལྷོ་ཁོ་རེ་ཡ་རུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་དུར་འཇུག་གི་མཛད་སྒོ་ཧྲིན་དབྱང་གི་ཨ་འགོག་ཁྲའོ་རོགས་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྡུས་པ་དང་། དང་བླངས་དམག་གི་སྔོན་གཤེགས་དཔའ་བོ30ཀྲུང་ཧྭའི་ས་གཞི་ཆེན་མོར་ཕྱིར་ལོག་ནས་བདེ་བར་གནས།

སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། དམག་དཔུང་རོལ་ཚོགས་ཀྱིས《དྲན་གསོའི་རོལ་དབྱངས》དཀྲོལ་བ་དང་།  བཅིངས་འགྲོལ་དམག་གི་གཟབ་སྦྲེང་གུས་འདུད་རུ་ཆེན་གྱིས་གུས་དམག་གི་འགན་ཁུར་ཏེ། དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་སྒམ་དལ་གྱིས་རྗེས་དྲན་ཐང་ཆེན་དུ་སྲུང་སྐྱེལ་བྱས།

མི་སྣ་ཡོངས་ཀྱིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས།

གུས་དམག27གྱིས་བསྟུད་མར་མེ་མདའ12བརྒྱབ་སྟེ། མེ་མདའི་གུས་སྲོལ་མཐོན་པོས་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་ཞུས།

དེའི་རྗེས་སུ། གུས་དམག་རྣམས་ཀྱིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་སྒམ་བཀྱགས་ནས་ཐང་ཆེན་དུ་སྐོར་བ་བརྒྱབ་སྟེ་དུར་སའི་ཕོ་བྲང་དུ་དལ་བུར་བསྐྱོད།

ཚོགས་ར་ཡོངས་ཀྱི་མི་སྣས་སྔོན་གཤེགས་དཔའ་བོའི་པུར་སྒམ་ལ་ཅེར་ནས་སྔོན་གཤེགས་དཔའ་བོར་སྐྱེལ་མ་བྱས།

2014ལོའི་ཚུན་ལ། ལྷོ་ཁོ་རེ་ཡ་རུ་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས1011མེས་རྒྱལ་དུ་ལོག་ནས་དེ་གར་བདེ་བར་གནས།

པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱི་སློབ་མ་ཝང་ཧྲི་ཆི་ཡིས་བཤད་རྒྱུར།  ལོ་རྒྱུས་ཡིད་ལ་དམ་པོར་བཟུང་ནས་སྔོན་གཤེགས་དཔའ་བོ་རྣམས་ཀྱི་གཅེས་སྲོག་དོན་མེད་དུ་མི་གཏོང་བར། ང་ཚོས་སྔོན་གཤེགས་དཔའ་བོ་རྣམས་ལ་མེས་རྒྱལ་དང་མི་དམངས་ཀྱིས་ཁོང་ཚོ་བརྗེད་མི་སྲིད་ལ། མེས་རྒྱལ་དང་མི་དམངས་ཀྱིས་ཁོང་ཚོ་དགའ་བའི་ཕ་ཡུལ་སྲུང་སྐྱོང་ལེགས་པོ་བྱེད་ངེས་ཡིན་པ་ཤེས་སུ་འཇུག་དགོས་ཟེར།

ལེའོ་ཉིང་ཞིང་ཆེན་སྐྲན་ནད་སྨན་ཁང་གི་ལྕི་ནད་གསོ་རིག་ཚན་ཁག་གི་སྨན་ཞབས་འགན་འཛིན་པ་ཡུས་ཧུའེ་ཡིས་བཤད་རྒྱུར། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། ཁོང་ཚོའི་མཛད་རྗེས་བློ་ལ་བརྟན་པོར་ངེས་དགོས་པ་མ་ཟད། ང་ཚོས་སྔར་ལས་ཀྱང་ཁོ་ཚོའི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ།  ང་ཚོའི་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་འབད་བརྩོན་ལྷུར་ལེན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།