ཏུའུ་ལན་རྫོང་གིས་ནུས་ཤུགས་ཡོད་རྒུས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ཐད་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཏང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས“ཞིང་སྡེའི་གཞུང་ལམ་ཡག་པོ་བཞི”ཡི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ། ཞིང་སྡེའི་གཞུང་ལམ་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་པ་དང་། སྤུས་ཚད་ཇེ་ལེགས་སུ་སོང་ཡོད། བདག་སྐྱོང་བྱེད་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་ཏེ་རྫོང་རིམ་པའི་གཞུང་ལམ་སྒྲོམ་གཞིར་བྱེད་པ་དང་། ཡུལ་ཚོ་དང་སྡེ་བ་རིམ་པར་འབྲེལ་བ་བྱེད་པ་བཅས་ཀྱི་གྲོང་གསེབ་གཞུང་ལམ་གྱི་དྲ་རྒྱའི་མ་ལག་ཅིག་ཆགས་ཡོད་པ་རེད། མིག་སྔའི་བར་དུ། ལས་འགོ་བརྩམས་ནས་འཛུགས་སྐྲུན་བྱེད་བཞིན་པ་དང་གསར་འཛུགས་བྱས་པའི་ལས་གཞི14ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཏང་ཡོད། དེའི་ནང་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལམ་ཐག་སྤྱི་ལེ367.7དང་། ཞིང་སྡེའི་གཞུང་ལམ་གྱི་དམངས་ཕན་ཟམ་པ3སྨི289.34ཇེ་རིང་དུ་བཏང་ཡོད་ལ། ལམ་ཐག་སྤྱི་ལེ1173.44མངོན་མེད་རྐྱེན་ངན་ཐག་གཅོད་བྱས་ཡོད།

ད་ལོ་ནས་བཟུང་། ཏུའུ་ལན་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་“ཞིང་སྡེའི་གཞུང་ལམ་ཡག་པོ་བཞིའི”སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་དང་ཁུལ། རྫོང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་བཅས་བྱས་ཏེ། རྫོང་ཨུའི“1356”བྱ་བའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 

ཟླ8པའི་ཟླ་མཇུག་བར་ཞིང་གྲོང་གསེབ་དར་སྤེལ་འཛུགས་སྐྲུན་རྣམ་གྲངས2ལེགས་འགྲུབ་བྱུང་ཡོད་ལ། ཁྱོན་བསྡོམས་པའི་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་བདུན་ཁྲི་བཞི་སྟོང་བཞི་བཏང་བ་དང་། ཞིང་སྡེའི་གཞུང་ལམ་བདག་སྐྱོང་བཅོས་སྒྲིག་ལས་གཞི4འཛུགས་སྐྲུན་བྱས་པའི་ཐད་ཁྱོད་བསྡོམས་པའི་མ་དངུལ་སྒོར་ས་ཡ་བརྒྱད་འབུམ་ལྔ་ཁྲི་ལྔ་སྟོང་ལྔ་བཏང་། ཞིང་སྡེའི་གཞུང་ལམ་ལ་དུས་རྒྱུན་བདག་སྐྱོང་བྱེད་པའི་ལས་གཞི4འཛུགས་སྐྲུན་ལེགས་འགྲུབ་བྱུང་བར་ཁྱོན་བསྡོམས་པའི་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་ལྔ་ཁྲི་དགུ་བཏང་ཡོད། དེ་དང་ཆབས་ཅིག་ལམ་དཔོན་ལམ་ལུགས་ཀྱི་འགན་འཁྲིའི་མ་ལག་དམ་འཛིན་བྱས་ཏེ་ཞིང་སྡེའི་གཞུང་ལམ་བདག་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས་རྫོང་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་བདག་སྐྱོང་བྱེད་ཚད100%ཟིན་པར་འགན་ལེན་བྱས་པ་རེད།

འགན་འཁུར་ཕོད་པ་དང་དྲིན་གཟོ་འབད་འཐབ་བྱས་ཏེ་ཏུའུ་ལན་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་དང་། མ་དངུལ། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཕྱོགས་སོ་སོའི་བཀོད་གཏོང་ལས་དོན་མུ་མཐུད་ཡག་པོར་བསྒྲུབས་ནས་དམིགས་ཚད་ལས་འགན་ཁག་རྒྱུན་མཐུད་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱས་ཏེ། གྲོང་གསེབ་དར་སྤེལ་ཐད་འགྲིམ་འགྲུལ་གྱི་རྨང་གཞི་བཏིང་བ་དང་ད་ལོའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་རྒྱུར་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་མང་ཚོགས་ཀྱིས་འགྲིམ་འགྲུལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཏུའུ་ལན་གསར་པ་འཛུགས་བསྐྲུན་བྱེད་པར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྟོབས་ཤུགས་ཕུལ་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།