ཟླ9པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2024ལོ་ནས2026ལོའི་བར་གྱི་བཟོ་ལས་ཉོ་ཚོང་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཉོ་ཚོང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཆུ་ཚད་མཐོར་འདེགས་བཏང་སྟེ། རྩ་བའི་ཆ་ནས་དོན་རྐྱེན་གྱི་མི་མངོནཔའི་རྐྱེན་ངན་སེལ་ཆེད། ཉེ་ལམ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ལས་རིགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཆེད་ལས་ནུས་པ་ལྡན་པའི་ཆེད་མཁས་པ་རྩ་འཛུགས་བྱས་ནས་རོགས་སྐྱོར་ཚོགས་པ་བཙུགས་ཏེ། བཟོ་ལས་ཉོ་ཚོང་གི་ཁྱབ་ཁོངས་གཙོ་བོའི་ཁེ་ལས་བཅོ་བརྒྱད་ལ་ཆེད་མཁས་པའི་མཛུབ་སྟོན་རོགས་སྐྱོར་བྱ་འགུལ་སྤེལ།
ཆེད་མཁས་ཚན་ཆུང་བཟོ་ལས་ཉོ་ཚོང་ཁེ་ལས་ཀྱི་ཐོན་སྐྱེད་ལས་ཡུལ་དང་པོར་སོང་ནས། བདེ་འཇགས་ཤེས་བྱ་འགྲེལ་བཤད་དང་ཡུལ་དངོས་གྲལ་བཤེར། ཆེད་མཁས་པའི་ལག་རྩལ་མཛུབ་སྟོན་བཅས་གཞི་གཅིག་ཅན་གྱི་རྣམ་པ་སྤྱད་དེ། ཁེ་ལས་ཀྱིས་བདེ་འཇགས་དོ་དམ་མ་ལག་འཛུགས་པ་དང་། བདེ་འཇགས་སྒྲིག་བཀོད་སྒྲིག་ཆས་དོ་དམ་བྱེད་པ། མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་བྱེད་པ་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། ཆེད་མཁས་ཚན་ཆུང་ཐོན་སྐྱེད་འཁོར་ཁང་དུ་སོང་ནས། བདེ་འཇགས་སྒྲིག་བཀོད་སྒྲིག་ཆས་འཁོར་སྐྱོད་བྱེད་པ་དང་། ཡུལ་དངོས་བདེ་འཇགས་དོ་དམ་ཚོད་འཛིན་བྱེད་པ། ཉེན་ཁ་ཆེ་བའི་ལས་ཀར་དོ་དམ་བྱེད་པ་སོགས་ཀྱི་གནས་ཚུལ་ཞིབ་བཤེར་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་རྒྱུ་ཆའི་རྩིས་ཐོ་ལ་ཞིབ་ལྟ་བྱས་ཤིང་། ཕྱོགས་ཡོངས་ནས་ཁེ་ལས་ཀྱི་བདེ་འཇགས་དོ་དམ་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་། བཀོལ་སྤྱོད་བྱེད་སྟངས། འཕྲལ་བསྟུན་ཐག་གཅོད་ཤེས་བྱ་བཅས་འགྲེལ་བཤད་ཞིབ་མོ་བྱས་པ་དང་། དོན་རྐྱེན་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་བརྡར་གཅོད་ཚད་གཞིར་འགྲེལ་བཤད་ཞིབ་མོ་བྱས། ཡུལ་དངོས་སུ་རྙེད་པའི་གནད་དོན་གྱི་མི་མངོན་པའི་རྐྱེན་ངན་ལ་དམིགས་ནས། ཆེད་མཁས་ཚན་ཆུང་གིས་རེ་རེ་བཞིན་ཉེན་ཁ་གསལ་བཤད་བྱས་པ་དང་། དོན་དག་རེ་རེར་མཛུབ་སྟོན་ནན་མོ་བྱས་ཏེ། ལག་རྩལ་ཚད་ལྡན་དང་དོ་དམ་རྐྱེན་སྲོལ་གྱི་ངོས་ནས་ལག་བསྟར་བྱེད་ཐུབ་པའི་ལེགས་བཅོས་བསམ་འཆར་དང་བྱེད་ཐབས་བཏོན། ཁེ་ལས་སོ་སོ་ཡོད་སའི་ས་གནས་ཀྱི་འཕྲལ་བསྟུན་དོ་དམ་སྡེ་ཁག་གི་ལས་བྱེད་མི་སྣ་ཐེངས་འདིའི་མཛུབ་སྟོན་རོགས་སྐྱོར་བྱ་འགུལ་གྱི་བརྒྱུད་རིམ་ཧྲིལ་བོར་ཞུགས་ཏེ། བརྒྱུད་རིམ་ཧྲིལ་བོར་རྗེས་འདེད་དོ་དམ་བྱས།