ནང་ཆེན་རྫོང་གིས་བྱེད་ཐབས་མང་པོ་བཏོན་ནས་སྡེ་བ་རིམ་པའི་སྐབས་བརྗེའི་བྱ་བར་གྲ་སྒྲིག་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཚུན་ལ། སྡེ་བ་རིམ་པའི་སྐབས་བརྗེའི་བྱ་བའི་དམིགས་འབེན་ལ་དམ་དུ་སྦྲེལ་ནས་འགན་འཁྲི་ནན་དཀྲི་དང་ཉེན་ཁ་གྲལ་བཤེར། འཇོན་མི་བསྡུ་རུབ་ཀྱི་གནད་འགག་གི་ལས་རིམ་གསུམ་ལ་དམིགས་ནས་སྔོན་གྱི་གྲ་སྒྲིག་བྱ་བ་སོ་སོར་བརྟན་འཇགས་ངང་སྐུལ་འདེད་བཏང་ནས་སྐབས་བརྗེའི་བྱ་བ་གོ་རིམ་ལྡན་ལ་བརྟན་འཇགས་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏང་།

ནང་ཆེན་རྫོང་གིས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཧྲུའུ་ཅིའི་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ནས་རྫོང་ཏང་ཨུའི་ཧྲུའུ་ཅིས་ཆེད་དོན་བཀོད་སྒྲིག་དང་རྟོག་ཞིབ་ཟབ་མོ་བྱས་པ་བརྒྱུད་ཧྲུའུ་ཅིས་དམ་འཛིན་བྱེད་པ་དང་ཧྲུའུ་ཅི་ནན་འཛིན་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་སྐབས་བརྗེའི་བྱ་བའི་བླང་བྱ་སོ་སོ་ཁ་གསལ་བཟོས། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིབ་བཤེར་བཞི་དང་ལྟ་ཞིབ་བཞིའི་བྱ་བ་ཏན་ཏིག་གིས་སྤེལ་ནས་ཕྱོགས་ཡོངས་ནས་སྡེ་བ་རིམ་པའི་འགོ་ཁྲིད་འཁོར་སྐྱོད་དང་མང་ཚོགས་ཀྱི་དཔྱད་འཇོག རྗེས་སྣོན་སྟོབས་ཤུགས་སོགས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས། རྟོག་ཞིབ་ཆེན་མོ་དང་བཅར་འདྲིའི་བྱེད་སྒོ་བརྒྱུད་དེ་རྫོང་ཡོངས་ཀྱི་སྡེ་བ77དེ་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་དང་པོའི་སྡེ་བ43དང་རིགས་གཉིས་པའི་སྡེ་བ34རུ་བགར་ནས་མ་ལག་ལྡན་པའི་སྒོ་ནས་འཕྲིན་བཅར་འགལ་འདུ་དང་མི་འདེམ་འགྲན་རྩོད་སོགས་ཀྱི་ཉེན་ཁ་གྲལ་བཤེར་བྱས་པ་དང་སྡེ་ཁག་གི་མཐུན་སྦྱོར་གཞོག་འདེགས་ལ་ཤུགས་བསྣན་ནས་རོང་འབྲོག་དང་ནོར་སྲིད་མཉམ་འབྲེལ་གྱིས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིའི་འགན་ཡུན་ནང་གི་ནོར་སྲིད་ཀྱི་ཡོང་གཏོང་དང་ཐུན་མོང་གི་རྒྱུ་ནོར་དོ་དམ་དང་བེད་སྤྱོད་སོགས་ཀྱི་ཐད་ནས་ཡོངས་ལ་ཁྱབ་པའི་རྩིས་བཤེར་བྱས་ཏེ། ཕྱོགས་ཡོངས་ནས་སྡེ་བ77གྱི་རྒྱུན་ལྡན་གྱི་སྐོར་ཞིབ་དང་སྡེ་བ་ལྔའི་གང་རུང་དུ་སྐོར་ཞིབ་བྱས་ནས་ལས་འགན་ཁ་གསལ་དང་མངོན་མེད་ཉེན་ཁ་མེད་པར་བཟོས། སྡེ་བའི་རྗེས་སྣོན་འཇོན་མི་གསོག་འཇོག་གི་སྦྲེལ་ཐག་ཧྲིལ་བོའི་རྐྱེན་སྲོལ་མུ་མཐུད་འཐུས་ཚང་དུ་བཏང་ནས་སློབ་ཆེན་སློབ་མས་སྡེ་བའི་ནང་དུ་ལས་འགན་འཁུར་བར་སྐུལ་འདེད་བཏང་ནས་མིག་སྔའི་བར་སློབ་ཆེན་སློབ་མ43ལ་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་ཁུར་དུ་བཅུག་པ་དང་། སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ367ལ་བསླེབས་པ་དང་ཆ་སྙོམས་ན་ཚོད་ལོ34.77ཡིན་ལ། དེའི་ཁྲོད་དུ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་ཡན་གྱི་བསླབ་གནས་ཐོབ་པའི་མི129ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།