ཟླ9པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ལི་ལ་གློག་འཕྲིན་སྤྲིངས་ནས། ཁོ་རང་བསྟུད་མར་ཀུའེ་ཡ་ན་མཉམ་ལས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀུའེ་ཡ་ན་ནི་ཅ་ལེ་པི་ས་ཁུལ་དུ་ཀྲུང་གོ་དང་འབྲེལ་བ་བཙུགས་པ་ཆེས་སྔ་བའི་རྒྱལ་ཁབ་ཡིན། འབྲེལ་བ་བཙུགས་ནས་ལོ53རིང་། ཀྲུང་གོ་དང་ཀུའེ་ཡ་ན་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་བྱུང་ཡོད་ལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ཕྱོགས་མང་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས། 2023ལོའི་ཟླ7པར། ངེད་གཉིས་ཁྲིན་ཏུའུ་རུ་མཇལ་འཛོམས་བྱུང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ངས་སྲིད་འཛིན་ཨ་ལི་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་ཕྱོགས་གཉིས་ཀྱི་གཉིས་ཕན་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཀུའེ་ཡ་ན་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།