མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བར་མང་ཚོགས་ཀྱི་གླུ་གཞས་མཉམ་ལེན་ཚོགས་ཆེན་བསྡུས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་བྱ་འགུལ་ལ་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས5ཉིན།  མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་ཆེད་མང་ཚོགས་ཀྱི་གླུ་གཞས་མཉམ་ལེན་ཚོགས་ཆེན་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ་བསྡུས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལའོ་ཏུང་ཁྲོན།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་སོགས་ཞིང་ཆེན་གྱི་འགོ་ཁྲིད་པ་བྱ་འགུལ་ལ་ཞུགས།

ཟླ9པའི་ཚེས5ཉིན།  མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་ཆེད་མང་ཚོགས་ཀྱི་གླུ་གཞས་མཉམ་ལེན་ཚོགས་ཆེན་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ་བསྡུས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལའོ་ཏུང་ཁྲོན།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་སོགས་ཞིང་ཆེན་གྱི་འགོ་ཁྲིད་པ་བྱ་འགུལ་ལ་ཞུགས།

ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཟི་ལིང་གྲོང་ཁྱེར་ཏང་ཨུ་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་།  ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དང་།  ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།  ཟི་ལིང་གྲོང་ཁྱེར་དྲིལ་བསྒྲགས་པུའུ་བཅས་ཀྱིས་འགན་སྒྲུབ་བྱས་ཤིང་།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་།  ཟི་ལིང་གྲོང་ཁྱེར་རིག་གནས་ཁང་གཉིས་ཀྱིས་རོགས་སྒྲུབ་བྱས།  བྱ་འགུལ་གྱི་ཡུལ་དངོས་སུ།  ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི་ལས་བྱེད་མང་ཚོགས་ཉིས་སྟོང་ལྔ་བརྒྱ་ལྷག་གིས་མཉམ་ལེན་རུ་ཁག་དང་ལྟད་མོ་བའི་རུ་ཁག་སྒྲིག་འཛུགས་བྱས་ཏེ།  སྙན་འཇེབས་ཀྱི་རོལ་དབྱངས་ཁྲོད་འཐབ་འཛིང་གི་ལོ་ཟླ་ལ་ཕྱིར་དྲན་དང་།  སྔོན་བཤེགས་དཔའ་བོར་རྗེས་དྲན་བྱས་པར་མ་ཟད།  ཞི་བདེ་དང་བསྐྱར་དར་ལ་རེ་བའི་དུས་རབས་ཀྱི་འབོད་པ་གླུ་རུ་བླངས།

གླུ་གཞས་མཉམ་ལེན་ཚོགས་ཆེན་དུ“རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བར་ཞི་བདེའི་བསྟོད་གླུ་ལེན”ཞེས་པ་བརྗོད་གཞི་བྱས་ནས།  《ཞི་བདེར་བསྟོད་པ》རིམ་པ་བཞིན་བགར་ཡོད།  ལེའུ་དང་པོ《འཐབ་འཛིང་གི་ལོ་ཟླ》དང་།  ལེའུ་གཉིས་པ《རྒྱལ་ཁའི་སྐྱ་རེངས》 སོགས་ལེའུ་ལྔ་ཡོད།  《པེ་ཅིང་གི་གསེར་རིའི་སྟེང》《ང་རང་ཀྲུང་ཧྭ་ལ་དགའ》སོགས་གླུ་དབྱངས་ཀྱི་ཁྲོད་དུ་རྒྱལ་ཁའི་སྤྲོ་སྣང་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་བས་ཡོངས་སུ་ཁེངས་འདུག  《སྣེ་ཁྲིད》དང《བསྐྱར་དར་གྱི་ལམ་དུ་བསྐྱོད་པ》ཞེས་པ་རུ་དུས་རབས་གསར་བའི་སྤོབས་སེམས་གླུ་རུ་བླངས་ཡོད།  མཇུག་མཐར།  ཚོགས་ར་ཡོངས་ཀྱིས་སྐད་གསེང་མཐོན་པོས《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པ་མཉམ་ལེན་བྱས་པས།  ཚོགས་རའི་རྣམ་པ་མཐོ་རླབས་ཀྱིས་ཁེངས། བྱ་འགུལ་ཡོངས་སུ་མཉམ་ལེན་དང་ཞབས་བྲོ།  གྱེར་འདོན་སོགས་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བ་ལ་བརྟེན་ནས།  གཟབ་ནན་དང་སྤྲོ་སེམས་ཀྱིས་ཁེངས་པའི་རྣམ་པ་ཞིག་བསྐྲུན་འདུག

བྱ་འགུལ་དུ་ཞུགས་པའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན།  གླུ་གཞས་མཉམ་ལེན་ཚོགས་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བྱས་ཡོད་པས།  འདི་ནི་སྒྱུ་རྩལ་གྱི་དགྱེས་འཛོམས་ཤིག་ཡིན་པར་མ་ཟད།  དེ་བས་ཀྱང་གསོན་ཉམས་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཁྲིད་ཅིག་ཡིན།  བརྩེ་བས་ཕྱུག་པའི་གླུ་སྐད་ཁྲོད་དམག་འཁྲུག་གི་ཐུན་མོང་མ་ཡིན་པའི་ལོ་ཟླ་རུས་པའི་གཏིང་ལ་བརྐོས་པ་དང་།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་ཞུམ་མེད་སྙིང་སྟོབས་གླུ་རུ་བླངས་ཤིང་།  མིའི་རིགས་ཀྱིས་ཞི་བདེར་རེ་བའི་གཏན་གྱི་འདུན་མར་བསྟོད་གླུ་བླངས་ཏེ།  མཚོ་སྔོན་གྱི་རིགས་སོ་སོའི་བུ་ཕྲུག་དག་གིས་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་།  སྔོན་རབས་པར་རྗེས་དྲན་ཞུ་བ།  ཞི་བདེར་གཅེས་འཛིན་བྱེད་པ་བཅས་ཀྱི་སྤོབས་པ་དང་འདུན་མ་མངོན་པར་བྱས་ཡོད།  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་སྔར་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་སློང་བྱེད་པ་དང།  རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ།  བསམ་པའི་སྟོབས་ཤུགས་དེ་རང་འཁྲིའི་ལས་གནས་སུ་རྐང་ཚུགས་པར་བྱེད་པ་དང་།  བྱས་རྗེས་འཇོག་པའི་ལག་ལེན་དུ་དངོས་སུ་བསྒྱུར་དགོས།  དྲིན་བཟོ་ཤེས་པ་དང་བརྩེ་སེམས་ཡོད་པ།  དངོས་སྒྲུབ་ལ་བརྩོན་པ་བཅས་ཀྱི་སྤྱོད་ལམ་བཟང་བོར་བརྟེན་ནས་ལམ་བུ་གསར་བར་སྤོབས་པ་ཆེན་པོས་བསྐྱོད་དེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་མདུན་དུ་སྐྱོད་པར་སྐུལ་འདེད་བྱེད་དགོས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།