མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས4ཉིན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་འཐུས་མི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཁ་གཏད་རོགས་སྐྱོར་བྱ་བའི་ལས་འགན་ཁྲག་ཏུ་ཁུར་ཞིང་། བཀའ་དྲིན་ཤེས་ཤིང་བརྩེ་སེམས་ཡོད་པ། ལས་དོན་དངོས་སྒྲུབ་བཅས་ལ་འབད་པའི་མིག་དཔེར་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
གྲོས་ཚོགས་སྟེང་། སྐོར་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་འཐུས་མི་ཀའོ་ཆང་དང་ལིས་ཅུན་ཅེ། ཕའེ་ཀྲི། ཐེན་ཀྲི། ཏའེ་མིན་ཅེ། ཡའོ་ཧའེ་ཐོ། ལིའུ་ཡུས་པེན། ཞའོ་ཞིན། ཝང་ལིན་ཅུན། ཀྲུང་ལིན་ཐའོ་བཅས་ཀྱིས་གཏམ་བཤད། ཝུའུ་ཞའོ་ཅུན་གྱིས་ཚང་མའི་བར་བསམ་ཚུལ་བརྗེ་རེས་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིས་བཏོན་པའི་བྱ་བའི་བསམ་འཆར་ལ་ཞིབ་འཇུག་ནན་མོ་བྱེད་དགོས་པའི་རེ་བ་བཏོན།
ཝུའུ་ཞའོ་ཅུན་གྱིས་ཟླ་གཅིག་ལྷག་རིང་གི་སྐོར་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་རྣམས་ཀྱིས་དབྱང་རླུང་མི་འདང་བའི་དཀའ་ཁག་ཁྱད་སེལ་བྱས་ཏེ། ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་བཟང་བོ་དང་། ལུས་སེམས་གཉིས་ཀ་བྱ་བར་བྲེལ་ཏེ། ཆབ་སྲིད་ཀྱི་བྱང་ཚད་ཕུལ་དུ་བྱུང་ཞིང་། སྤོབས་སེམས་ཆེ་བ། ལས་ཀའི་སྤྱོད་ཚུལ་ཡག་པོ་སྲུང་བ་བཅས་ཀྱི་སྒོ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་འགོ་ཡག་པོ་ཞིག་བརྩམས་ཡོད་ཅེས་བསྟན།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། མིག་སྔར། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཏན་འཁེལ་གནང་བའི“ཆེས་ཆེ་བ་གསུམ“གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས། དེ་མིན“རྒྱུན་འཁྱོངས་བྱེད་དགོས་པ་གསུམ”གྱི་ལག་ལེན་བླང་བྱར་རྒྱུས་ལོན་ཟབ་མོ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་འཕེལ་རྒྱས་འཆར་འགོད་བཅས་ལ་དམིགས་ཏེ། འཆར་འགོད་སྣེ་ཁྲིད་དང་ཐོན་ལས་འདེགས་སྐྱོར། ཚོང་འགུག་དངུལ་འདྲེན། བཅོས་སྒྱུར་གསར་སྐྲུན། དམངས་ཚིས་འགན་སྲུང་དང་མི་རིགས་གྱི“འབྲེལ་འདྲིས་གསུམ”སོགས་ཀྱི་ཐད་ཤུགས་འདོན་གནད་ལ་འཁེལ་བ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས། འབྲེལ་ཟམ་ལྟ་བུའི་བྱེད་ནུས་འདོན་སྤེལ་བཟང་བོ་བྱས་ཏེ“ཁ་གཏད་རོགས་སྐྱོར”དང“དཔལ་འབྱོར་མཉམ་ལས” “ཆ་ཤས་ལ་རྐང་འཛུགས་པ”དང“གོ་ལ་ཧྲིལ་བོར་བལྟ་བ”“ཕྱོགས་ཡོངས་ནས་སྐུལ་འདེད”དང“གཙོ་གནད་འབུར་ཐོན” “རོགས་སྐྱོར་ཕྱོགས་ཀྱི་བྱེད་ནུས་དང་དགེ་མཚན”“མཚོ་སྔོན་གྱི་དགོས་མཁོ”“མིའི་ཐད་ལ་མ་འཇོག”དང“དངོས་པོའི་ཐད་ལ་མ་འཇོག”“སྲིད་གཞུང་གིས་སྐུལ་འདེད”། “ཁྲོམ་རའི་གཙོ་ཁྲིད”སོགས་ཀྱི་འབྲེལ་བར་རྒྱུས་ལོན་བཟང་པོ་བཅས་བྱས་ཏེ། སྲིད་ཇུས་མ་དངུལ་གཅིག་གྱུར་འཆར་འགོད་དང་། ཆེད་ལས་ལེགས་ཆ་འདོན་སྤེལ་བྱེད་དགོས། ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཉམས་མྱོང་དང་བྱེད་ཐབས་རྒྱུད་ཁྲིད་དང་། བྱ་བའི་སྤུས་ནུས་མཐོར་འདེགས་བཅས་བཏང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དཔེ་མཚོན་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་པོ་གྲུབ་པར་སྐུལ་འདེད་གཏོང་དགོས། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་བ་གསོ་སྐྱོང་བྱ་བར་མཐོང་ཆེན་བྱས་ཏེ། སྤྱོད་ཚུལ་བཟང་པོ་འཛུགས་སྐྱོང་དང་། སྒྲིག་ཁྲིམས་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ། དྲིན་ཤེས་པ་དང་སེམས་བརྩེ་བ། དོན་དངོས་སྒྲུབ་པ་བཅས་གཙོར་བཟུང་ནས་ཁ་གཏད་རོགས་སྐྱོར་བྱ་བའི་ཁྲོད་དུ་དུས་རབས་གསར་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་གབྱེད་ནུས་བཟང་བོ་འདོན་སྤེལ་དང་བྱས་རྗེས་གལ་ཆེན་འཇོག་དགོས་ཞེས་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་གྱིས་ཁ་གཏད་རོགས་སྐྱོར་བྱ་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་ཞིབ་ཕྲའི་མངོན་ཚུལ་ཡིན་པས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་རྣམས་ཀྱིས་དུས་རབས་གསར་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཆབ་སྲིད་ཀྱི་ལས་འགན་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བསྐྲུན་པ་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་སོགས་ཀྱི་སྤྱིའི་བཀོད་སྒྲིག་ནང་བཅུག་སྟེ། ལངས་གནས་མཐོར་འདེགས་དང་། དོན་འཁྱོལ་དམ་འཛིན། དགེ་མཚན་འདོན་སྤེལ། ཐོད་བརྒལ་བརྩོན་ལེན་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཁྲོད་རིག་སྟོབས་འབུལ་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་སྟེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་རྣམས་ཀྱིས་བློ་སེམས་རྩེ་གཅིག་གིས་ཤེས་ཡོན་ངོམ་པ་དང་ལས་སྒྲུབ་ལས་བཏོད་བྱེད་དགོས་པའི་རེ་བ་བཏོན།
ཀྲུའུ་ཞང་ཧྥིན་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།