ཞི་ཅིན་ཕིང་གིས་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་རྗེས་དྲན་བྱེད་སྒོར་ཞུགས་པར་ཡོང་བའི་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་རྗེས་དྲན་བྱེད་སྒོར་ཞུགས་པར་ཡོང་བའི་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སེར་ཝེ་ཡས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཡ་གླིང་དང་ཡོ་རོབ་གླིང་གི་གཡུལ་སར་ཧྥ་ཞི་སི་ལས་རྣམ་པར་རྒྱལ་ཆེད་བློས་གཏོང་ཆེན་པོ་བྱས་པ་དང་བྱས་རྗེས་གལ་ཆེན་བཞག་ཡོད། དེང་སྐབས་རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་གྱུར་ལ། ཀྲུང་སེར་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་དར་སྤེལ་བཏང་ནས། ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་སྲུང་སྐྱོབ་བྱ་དགོས། ཕྱོགས་མང་མཉམ་ལས་མུ་མཐུད་དུ་དམ་ཟབ་བྱེད་པ། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་དགོས་པ་དང་། རང་ངོས་ཀྱི་ཁེ་དབང་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སེར་ཝེ་ཡ་ནི་ཀྲུང་གོ་དང་མཉམ་དུ་དུས་རབས་གསར་པའི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་འཛུགས་བྱས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་ཐོག་མ་ཡིན་ལ། དེས་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་དམིགས་བསལ་རང་བཞིན་དང་ཆུ་ཚད་མཐོན་པོ་མངོན་ཡོད། གྲོགས་པོ་བཟང་པོ་ཡིན་པའི་ཆ་ནས། ཀྲུང་གོས་སེར་ཝེ་ཡ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱས་ནས། རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལས་དུ་བསྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉི་གས་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་དང་རང་མོས་ཉོ་ཚོང་གི་གྲོས་ཆོད། ཕན་ཚུན་བར་ཐོངས་མཆན་མི་དགོས་པ་དང་ཐད་གཏོང་གནམ་གྲུ་སོགས་སྟབས་བདེ་ཅན་གྱི་བཀོད་སྒྲིག་བེད་སྤྱོད་ཡག་པོ་བྱེད་རྒྱུ་དང་། མི་ཐབས་རིག་ནུས་དང་གཞི་གྲངས་དཔལ་འབྱོར། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཝུའུ་ཆི་ཆི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་རྗེས་དྲན་བྱེད་སྒོ་བདེ་བླག་ངང་བསྡུས་ནས།  འཛམ་གླིང་ལ་ཀྲུང་གོ་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་འོག་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་མངོན་པར་རྟེན་འབྲེལ་ཞུས་པ་ཡིན། འཛམ་གླིང་བཅོས་སྐྱོང་གི་གྲོས་འགོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་བཏོན་པའི་གྲོས་འགོ་གལ་ཆེན་ཞིག་ཡིན་པ་དང་། དེའི་ནང་གི་བདག་དབང་འདྲ་མཉམ་ལག་བསྟར་དང་མི་གཞི་རྩར་འཛིན་པ་དར་སྤེལ་གཏོང་བ་སོགས་ཀྱི་འདུ་ཤེས་དེ་འཛམ་གླིང་བཅོས་སྐྱོང་མ་ལག་ཀྱི་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། སེར་ཝེ་ཡ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། སེར་ཝེ་ཡ་དང་ཀྲུང་གོ་ནི་གྲོགས་པོ་བཟང་པོ་ཡིན་པས། སེར་ཝེ་ཡ་ཕྱོགས་ཀྱིས་དཀའ་ངལ་ཡོད་པའི་དུས་སྐབས་སུ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གལ་ཆེན་གནང་བ་ནམ་ཡང་བརྗེད་མི་སྲིད་ལ། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་མཐའ་དག་ཐད་མུ་མཐུད་དུ་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། སེར་ཝེ་ཡ་དང་ཀྲུང་གོའི་བར་གྱི་དངོས་དོན་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་འགྲོ་ཐུབ་པར་རེ་སྒུག་བྱས་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་སེར་ཝེ་ཡ་རུ་དངུལ་གཏོང་ལས་སྐྲུན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།