ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་སྲིད་འཛིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་ཙམ་པབ་ཝེའི་སྲིད་འཛིན་མུའུ་ནན་ཅ་ཀུའུ་ཝ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཀྲུང་གོ་དང་ཙམ་པབ་ཝེའི་ལས་སྐལ་གཅིག་མཐུན་ཚོགས་པར་རིམ་སྤོར་བྱ་རྒྱུ་ཡིན་པ་བསྒྲགས།

ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་ཙམ་པབ་ཝེའི་སྲིད་འཛིན་མུའུ་ནན་ཅ་ཀུའུ་ཝ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཀྲུང་གོ་དང་ཙམ་པབ་ཝེའི་ལས་སྐལ་གཅིག་མཐུན་ཚོགས་པར་རིམ་སྤོར་བྱ་རྒྱུ་ཡིན་པ་བསྒྲགས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཙམ་པབ་ཝེའི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བའི་ལོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི“སྐར་ལྔའི་བློས་ཐུབ་གྲོགས་པོའི”མཛའ་བརྩེ་རྒྱུན་མཐུད་ངང་ཇེ་ཟབ་ཏུ་ཕྱིན་ནས།  ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་ཐ་ན་འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ཐད་དཔེ་མཚོན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེ་ཕྱོགས་ཀྱིས་རང་བཙན་རང་བདག་གིས་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་དང་།  ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་ཁྲིམས་འགལ་གྱི་བཀག་སྡོམ་ལ་ངོ་རྒོལ་བྱ་རྒྱུར་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ཀྱི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཙམ་པབ་ཝེའི་འབྲེལ་བའི་ངེས་གནས་མཐོ་རུ་གཏོང་རྒྱུ་གོ་སྐབས་སུ་བཟུང་སྟེ།  མཉམ་ལས་ཀྱི་བསམ་ཕྱོགས་གསར་གཏོད་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཏེར་ལས། དངུལ་གཏོང་། ཉོ་ཚོང་སོགས་ཐད་དུ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྤུས་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས། ཙམ་པབ་ཝེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་འདོད་ཡོད་པ་དང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ཐུན་མོང་སྒོས་དོན་འཁྱོལ་བྱས་ནས་རྒྱལ་སྤྱིའི་འདུམ་འགྲིག་ཁང་འཛུགས་སྐྱོང་ལེགས་པོ་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

མུའུ་ནན་ཅ་ཀུའུ་ཝ་ཡིས་བསྟན་དོན། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལོན་པར་བྱས་རྗེས་གལ་ཆེན་བཞག་པ་བློ་ལ་བརྟན་པོར་བཅངས་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་རྒྱུན་འཁྱོངས་བྱེད་དགོས། ཙམ་པབ་ཝེ་དང་ཀྲུང་གོའི་འབྲེལ་བ་ལོ་ཞེ་ལྔར་འཕེལ་རྒྱས་ཕྱིན་པ་བརྒྱུད་ཉིན་བཞིན་འཐུས་ཚང་དང་སྲ་བརྟན་དུ་ཕྱིན་ཡོད། ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ལ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་ནས།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། རྒྱལ་སྤྱིའི་འདུམ་འགྲིག་ཁང་འཛུགས་རྒྱུའི་གྲོས་འགོ་བཏོན་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྒོ་ཁྲལ་མི་དགོས་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་སྔར་ལས་ཆེ་བ་དང་གལ་ཆེ་བའི་ནུས་པ་ཉིན་རེ་བཞིན་འདོན་བཞིན་ཡོད། ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་ཡོད་གྲོས་འགོ་ལག་བསྟར་བྱས་ནས།  རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།