ཟླ9པའི་ཚེས4ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་དང་གྲོས་མོལ་གནང་།
ཟླ9པའི་ཚེས4ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་བྱང་ཁོ་རེ་ཡ་གཉིས་ནི་ལས་དབང་གཅིག་མཐུན་དང་ཕན་ཚུན་རོགས་རམ་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ་བཅས་ཡིན། ཀྲུང་གོ་དང་བྱང་ཁོ་རེ་ཡ་གཉིས་ཀྱི་མཛའ་བརྩེའི་རྒྱུན་རིང་བ་དང་། རྒྱལ་ཁབ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས། ཐུན་མོང་གི་ཕུགས་བསམ་དད་མོས་དང་འབད་འཐབ་དམིགས་འབེན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨུན་ཀྲུང་གོར་ཡོང་ནས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པ་དེས་བྱང་ཁོ་རེ་ཡ་ཕྱོགས་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་བར་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་བཙུགས་ནས་ལོ་བརྒྱད་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་བརྩེ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཀྲུང་གོ་དང་བྱང་ཁོ་རེ་ཡ་གཉིས་ཀྱི་འབྲེལ་བར་སྲུང་སྐྱོབ་བཟང་བོ་བྱེད་པ་དང་སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་སུ་གཏོང་འདོད་ཡོད་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ལངས་ཕྱོགས་དེར་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་སྔར་སྲོལ་བཞིན་བྱང་ཁོ་རེ་ཡ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དེ་བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་རྒྱབ་སྐྱོར་བྱ་ངེས་ཡིན། ཁྲའོ་ཞན་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་བརྗེ་རེས་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ནས། ཕན་ཚུན་བར་གྱི་རྒྱུས་ལོན་དང་བརྗེ་རེས་ཇེ་ཟབ་ཏུ་གཏོང་འདོད་ཡོད། རིམ་པ་སོ་སོའི་བར་བརྗེ་རེས་ཟབ་མོ་བྱས་ཏེ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྤེལ་འདོད་ཡོད་ཅེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྔོན་ཆད་བྱུང་མ་མྱོང་བའི་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་གདོང་གཏོད་སྐབས། ངས་སྔ་རྗེས་སུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་འདུ་ཤེས་དང་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ། འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ། འཛམ་གླིང་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་པར་བྱང་ཁོ་རེ་ཡ་ཕྱོགས་ཀྱི་རྒྱབ་སྐྱོར་དང་ཁས་ལེན་ཐོབ། ཀྲུང་གོ་དང་བྱང་ཁོ་རེ་ཡ་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། བྱང་ཁོ་རེ་ཡའི་གླིང་ཕྲན་ཕྱེད་མའི་གནད་དོན་སྟེང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དྲང་བདེན་དྲང་བཞག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་བྱང་ཁོ་རེ་ཡའི་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་འདོད་ཡོད་ལ། ནུས་ཤུགས་ཡོད་རྒུས་བྱང་ཁོ་རེ་ཡའི་གླིང་ཕྲན་ཕྱེད་མའི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན།
ཟླ9པའི་ཚེས4ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་རྗེས་དྲན་ཞུ་བའི་བྱ་འགུལ་ལ་ཞུགས་པར་ཡོང་བའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་དང་གྲོས་མོལ་གནང་།
ཅིན་ཀྲིན་ཨུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྣེ་ཁྲོད་འོག ཀྲུང་གོས་རླབས་ཆེ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད། བྱང་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་བར་གྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་། ཏང་གི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཐད་ནས་ཉམས་མྱོང་བརྗེ་རེས་བྱས་ཏེ། བྱང་ཁོ་རེ་ཡའི་ཏང་དང་རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་ལ་རོགས་འདེགས་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་འབྱོར་ཚོང་མཉམ་ལས་ཟབ་སྤེལ་བྱས་ཏེ་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད། བྱང་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོས་བྱང་ཁོ་རེ་ཡའི་ཕྱེད་གླིང་གི་གནད་དོན་སྟེང་དྲང་བདེན་གྱི་ལངས་ཕྱོགས་བཟུང་བར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་སྟེང་མུ་མཐུད་དུ་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་ཐུན་མོང་དང་རྩ་བའི་ཁེ་ཕན་སྲུང་སྐྱོང་བཟང་པོ་བྱེད་འདོད་ཡོད།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་ཅིན་ཀྲིན་ཨུན་ལ་ཁྱབ་ཁོངས་ཆུང་བའི་གསོལ་སྟོན་བཤམས།
ཚའེ་ཆི་དང་ཝང་དབྱི་གཉིས་གོང་གི་བྱེད་སྒོར་ཞུགས།