ཞི་ཅིན་ཕིང་གིས་དབྱི་ལང་གི་སྲིད་འཛིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་དབྱི་ལང་གི་སྲིད་འཛིན ཕེ་ཙི་ཞི་ཆི་དབྱང་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་དབྱི་ལང་གི་སྲིད་འཛིན ཕེ་ཙི་ཞི་ཆི་དབྱང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱི་ལང་གི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ཐུབ་པ་དང་། བརྟན་བརླིང་དང་བདེ་ཐང་གི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཡོད། ན་ནིང་ངེད་གཉིས་ཀྱིས་ཁ་ཧྲན་ནས་མཇལ་འཛོམས་བྱས་རྗེས།  རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོས་ཕྱོགས་གཉིས་བར་གྲུབ་པའི་ཐུན་མོང་གི་ལྟ་བ་གལ་ཆེན་དོན་འཁྱོལ་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གསར་པ་མི་ཉུང་བ་བླངས།  ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དབྱི་ལང་བར་གྱི་འབྲེལ་བའི་འཕེལ་རྒྱས་དེ་ཀྲུང་གོའི་དབུས་ཤར་ཕྱི་འབྲེལ་གྱི་གོ་གནས་གལ་ཆེན་དུ་བཞག་སྟེ།  དབྱི་ལང་བར་གྱི་མཛའ་བརྩེ་རྒྱུན་འཁྱོངས་དང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་འདོད་ལ། ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས་གཙང་མ། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། མི་གཞུང་རིག་གནས་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་བཅོས་སྐྱོང་གི་གྲོས་འགོ་བཏོན་ལ། དབྱི་ལང་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ།  མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དྲག་ཤུགས་ནི་འགལ་བ་ཐག་གཅོད་པའི་བྱེད་ཐབས་ཡང་དག་དེ་མིན་པར། འབྲེལ་འདྲིས་དང་གླེང་མོལ་ནི་ད་གཟོད་ཡུན་རིང་ཞི་བདེ་ཡོང་བའི་ཐབས་ལམ་ཡང་དག་དེ་ཡིན། ཀྲུང་གོའི་ཕྱོགས་ནས་དབྱི་ལང་གིས་ཡང་དང་བསྐྱར་དུ་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་མི་འཚོལ་ཟེར་བའི་དམ་བཅའ་ལ་བརྩི་བཀུར་བྱེད་པ་དང་། དབྱི་ལང་གི་ཞི་བའི་ངང་ཉིང་རྡུལ་ནུས་པ་སྤྱོད་པའི་ཁེ་དབང་ལ་བརྩི་འཇོག་བྱས་ཏེ། དབྱི་ལང་ཕྱོགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་ལ་སྲུང་སྐྱོབ་བྱས་ནས། ཆབ་སྲིད་གྲོས་མོལ་བརྒྱུད་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ནས་མུ་མཐུད་དུ་དྲང་བདེན་རྒྱུན་འཁྱོངས་བྱས་ཏེ།  ཕྱོགས་སོ་སོས་ལུགས་མཐུན་གྱིས་དོ་ཁུར་བྱེད་པའི་དབྱི་ལང་ཉིང་རྡུལ་གནད་དོན་ཐག་གཅོད་ཇུས་གཞི་བཟོས་ཏེ། དབུས་ཤར་ས་ཁུལ་ཡུན་རིང་ཞི་བདེ་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཕེ་ཙི་ཞི་ཆི་དབྱང་གིས་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་ཚོགས་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས། ཀྲུང་གོས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་སྐབས་ཁོངས་ཞུགས་རྒྱལ་ཁབ་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཇེ་མཐོར་སོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མངོན་གསལ་གྱི་འཕེལ་རྒྱས་བྱུང་བ་དང་། དབྱི་ལང་གིས་ཀྲུང་གོ་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་འདོད་ཡོད་པ་དང་།  ཀྲུང་གོ་ནི་དབྱི་ལང་གི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོ་ཡིན་པས། དབྱི་ལང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཚད་མཐོའི་དོ་སྣང་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་འབྲེལ་བར་འགྱུར་ལྡོག་ཅི་འདྲ་བྱུང་ན་ཡང་། ཀྲུང་གོ་དང་མཛའ་མཐུན་གྱི་འབྲེལ་བ་རྒྱུན་བསྐྱངས་ནས་ཀྲུང་གོ་དང་མཉམ་འབྲེལ་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བསྟན།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།