མི་འགྱང་བར་གློག་རྡུལ་མེ་འཁོར་པ་སེ་ཡིས་ཤོག་བུའི་མེ་འཁོར་པ་སེ་ཡི་ཚབ་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ9པའི་ཚེས1ཉིན། ལྕགས་ལམ་སྡེ་ཁག་གི་གཏན་འབེབས་ལྟར། ཟླ9པའི་ཚེས30ཉིན་ནས་བཟུང་། ཤོག་བུའི་རྩིས་ཞུའི་འཛིན་ཡིག་ཁྱོན་ཡོངས་ནས་སྤྱོད་མཚམས་བཞག་སྟེ། གློག་རྡུལ་འཛིན་ཡིག་གིས་ཚབ་བྱེད་རྒྱུ་རེད།

ཟླ8པའི་ཚེས31ཉིན། 12306ལྕགས་ལམ་སྐུ་མགྲོན་ཞབས་པས་གསར་འགོད་པ་ལ་བཤད་རྒྱུར། མིག་སྔར་ཤོག་བུའི་རྩིས་ཞུ་འཛིན་ཡིག་དེ་ཟླ9པའི་ཚེས30ཉིན་བར་ཕྱིར་འཚོང་རྒྱུ་དང་། དེའི་རྗེས་ནས་བཟུང་མེ་འཁོར་ས་ཚུགས་གྱིས་ཤོག་བུའི་པ་སེ་མཁོ་འདོན་མི་བྱེད་པར་ཚང་མར་གློག་རྡུལ་འཛིན་ཡིག་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་དང་།  བཀོལ་སྤྱོད་བྱས་རྗེས་གཏན་འབེབས་ཇི་ལྟར་བྱས་ཡོད་པའི་བརྡ་ཐོ་གསར་པ་འབྱོར་མ་བྱུང་ཟེར། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།