ཞིང་ཆེན་སྲིད་གྲོས་ཀྱི་རྟོག་ཞིབ་ཚན་ཆུང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས25ཉིན་ནས་ཚེས27ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་རྟོག་ཞིབ་ཚན་ཆུང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་སྤུས་ཚད་མཐོན་པོས་བསྐྲུན་པར་སྐུལ་འདེད་གཏོང་བའི་ཀྲུའུ་ཞིའི་དམངས་གཙོའི་ལྟ་སྐུལ་གྱི་གྲོས་གཞིར་དམིགས་ཏེ། འདེབས་འཛུགས་རྟེན་གཞི་རུ་སོང་ནས། གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་། ལས་སྣོན་ཞིབ་ཚགས། ཚོང་གཉེར་འགྲེམ་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། བཞུགས་མོལ་ཚོགས་འདུ་བསྡུས་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་བསྐྲུན་པའི་གནས་ཚུལ་ལ་ཉན། སྐབས་དེར་འགན་སྒྲུབ་ཁེ་ལས་གཙོ་བོ་མཚོ་སྔོན་མདོག་ལྔའི་ཚྭ་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་རྒྱུག་དང་བདེ་འཇགས་དོ་དམ་སྐོར་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཤིང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་སྐུལ་འདེད་བཏང་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་བསྐྲུན་པའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད། ཞིང་ཆེན་གྱི་གནས་ཚུལ་དང་ཁུལ་གྱི་གནས་ཚུལ་ལ་ངོས་འཛིན་བྱེད་ཚད་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། མཚོ་ནུབ་ཀྱི་གནས་བབ་དགེ་མཚན་དང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཀྱི་དགེ་མཚན་བཅས་སྔོག་འདོན་ཟབ་མོ་བྱས་ནས། བྱེད་ཕྱོགས་ཆེན་པོ་དང་བྱས་རྗེས་བརྩོན་ལེན་གྱི་འཕེལ་རྒྱས་རང་རྟོན་ཇེ་བརྟན་དུ་གཏོང་དགོས། རིམ་པ་མཐོ་བའི་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་ངེས་གནས་བསྐྲུན་པ་དམིགས་སུ་བཟུང་སྟེ། མཐོ་སྒང་གི་འཁྱགས་བསིལ་གྱི་ནམ་ཟླ་དང་། དག་གཙང་གི་ཐོན་སྐྱེད་ཁོར་ཡུག སྣ་མང་གི་ཞིང་ཕྱུགས་ཐོན་ཁུངས་བཅས་ཀྱི་རང་བྱུང་དགེ་མཚན་ལེགས་པར་བཏོན་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་གྲུབ་པར་བྱས་ནས། སྦྲེལ་མཐུད་ནུས་ལྡན་དང་མཉམ་འདྲེས་མཉམ་སྐུལ། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་རྣམ་པ་གྲུབ་པར་བྱེད་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྦྲེལ་མཐུད་བྱ་བ་ཡག་པོར་སྒྲུབ་སྟེ། ཐོན་ལས་སྒྲིག་གཞི་ལེགས་སྒྱུར་དང་། ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། རྟེན་གཞི་ཅན་གྱི་ཚད་གཞི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། གསོ་སྐྱོང་དང་འདེབས་འཛུགས། ལས་སྣོན། དངོས་ཟོང་འཁོར་རྒྱུག། ཕྱིར་འཚོང་བཅས་ཀྱི་ཐོན་ལས་ཧྲིལ་བོའི་ཕྲེང་འབྲེལ་འཐུས་ཚང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་སྤུས་ཚད་མཐོན་པོས་བསྐྲུན་པར་སྐུལ་འདེད་གཏོང་ཆེད་མཚོ་ནུབ་ཀྱི་ཉམས་མྱོང་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།