ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཐོག་ཁང་དུ། ཀྲུང་གོ་རུ2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ལ་མཇལ་འཕྲད་གནང་།
ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཐོག་ཁང་དུ། ཀྲུང་གོ་རུ2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྒྲིལ་བའི་སྔ་རྗེས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐག་བཅད་པའི་གཏན་འབེབས་གལ་ཆེ་ཤོས་ནི་མཉམ་འབྲེལ་རྒྱལ་ཚོགས་འཛུགས་རྒྱུ་དེ་ཡིན། ད་ལོ་ནི་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོ་ཡིན། ལོ་རྒྱུས་ལ་བལྟས་ན། ང་ཚོས་ཕྱོགས་མང་རིང་ལུགས་དང་མཐུན་སྒྲིལ་མཉམ་ལས་ནི་འཛམ་གླིང་ཅན་གྱི་དཀའ་གནད་ཐག་གཅོད་བྱེད་པའི་ལན་ཡང་དག་ཅིག་ཡིན་པ་ཤེས་ཐུབ། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་འཛུགས་པའི་ཐོག་མའི་བསམ་འདུན་ལ་བསྐྱར་དྲན་བྱེད་དགོས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་གྱི་ཁས་ལེན་བསྐྱར་སྒྲོག་བྱེད་པ་དང་། དུས་བབ་གསར་པའི་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་དང་གསོན་ཤུགས་སླར་གསོ་ཡོང་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་སོ་སོས་མཐུན་སྦྱོར་འགུལ་སྐྱོད་སྤེལ་བ་དང་མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་བའི་སྟེགས་བུ་གཙོ་བོར་འགྱུར་བར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཀྲུང་གོ་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཀྲུང་གོ་ནི་ནམ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བློས་འགེལ་ཆོག་པའི་རོགས་ཟླ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་ཟབ་སྤེལ་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་མཉམ་དུ་འགན་འཁྲི་འཁུར་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཛམ་གླིང་གི་འགྱུར་ལྡོག་ཁྲོད། ཀྲུང་གོས་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་མཁོ་འདོན་བྱས་ཡོད། ང་ཚོས་མུ་མཐུད་དུ་ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་ལག་བསྟར་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་བཅས་བརྒྱུད་དེ། རྒྱལ་ཁབ་སོ་སོ་དང་མཉམ་དུ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་དགོས་པ་ནན་གྱིས་བསྟན།
ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཐོག་ཁང་དུ། ཀྲུང་གོ་རུ2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ལ་མཇལ་འཕྲད་གནང་།
ཀུའུ་ཐི་ལའེ་སི་ཡིས་བསྟན་དོན། ཀྲུང་གོས་དུས་ཡུན་རིང་པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ལ་བློ་བརྟན་འགྱུར་མེད་དང་ནུས་ལྡན་གྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། མིག་སྔར། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་བཅའ་ཁྲིམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་བཅས་འགྲན་སློང་ལ་འཕྲད་ཡོད་པས། རྒྱལ་སྤྱིའི་བཅོས་སྐྱོང་གི་སྒྲོམ་གཞིའི་ཐད་འཕྲལ་དུ་སྒྱུར་བཅོས་བྱེད་དགོས་པ་དང་། ལོ80སྔོན་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་ཐོག་མའི་སེམས་འདུན་དང་རིན་ཐང་ལྟ་བ་བསྐྱར་དྲན་པའི་དུས་ཏག་ཏག་ལ་འཁེལ་འདུག ཀྲུང་གོས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོབ་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་འགན་སྲུང་བྱ་ཆེད་བྱས་རྗེས་གལ་ཆེན་བཞག་ནས། ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱེད་པའི་རྨང་རྡོ་ལྟ་བུར་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོབ་བྱེད་པ། འཛམ་གླིང་སྣེ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་ཇེ་ཆེར་བཏང་སྟེ། རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་དུ་འཇུག་འདོད་ཡོད། ཕྱོགས་གཉིས་ཀས་འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་བསྒྱུར་དང་། མི་བཟོས་རིག་ནུས། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་འཇལ་བ་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། མིའི་རིགས་ཀྱི་ཐུན་མོང་གི་བདེ་སྐྱིད་ལ་སྔར་ལས་ཞབས་འདེགས་ལེགས་པོར་ཞུ་དགོས།
ཚའེ་ཆི་དང་ཝང་དབྱི། ཁྲེན་མིན་ཨར་སོགས་མཇལ་འཕྲད་ལ་ཞུགས།