ཟླ8པའི་ཚེས17ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ལི་ཏུའུ་ཆུའུ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྒྲིག་འགལ་ངང་སྨན་བཅོས་འགན་སྲུང་ཐེབས་རྩ་གཡོ་ལེན་དང་། བཀོལ་སྤྱོད་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ལེགས་བཅོས་བྱས་པ་དང་། མིག་སྔའི་བར་དུ། ཁྱོན་བསྡོམས་སྒྲིག་འགལ་སྨན་བཅོས་འགན་སྲུང་ཐེབས་རྩ་སྒོར་ས་ཡ་གཉིས་དང་འབུམ་བཞི་ཁྲི་ལྔ་སྟོང་བརྒྱད་དགུ་བརྒྱ་ཕྱིར་ལེན་ཐུབ་པ་བྱུང་། འབྲེལ་ཡོད་གནད་དོན12རྩད་ཆོད་པ་དང་། མི་གཉིས་ལ་གྱོད་དོན་ཐོ་འགོད་བྱས་ཏེ། མང་ཚོགས་ཀྱི་ནད་བཅོས་དངུལ་དང་སྲོག་སྐྱོབ་དངུལ་ལ་སྲུང་སྐྱོབ་ཏན་ཏིག་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ལི་ཏུའུ་ཆུའུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐད་འཕྲིན་སྤྱི་སྟེགས་སོགས་ལ་བརྟེན་ནས། སྨན་བཅོས་འགན་སྲུང་གི་སྲིད་ཇུས་དང་སྒྲིག་ཁྲིམས་དྲིལ་བསྒྲགས་བྱས་པ་དང་། དུས་ལྟར་དཔེ་མཚོན་རང་བཞིན་ལྡན་པའི་སྨན་བཅོས་འགན་སྲུང་དངུལ་གཡོ་ལེན་བྱས་པའི་གྱོད་དཔེ་སྤྱི་བསྒྲགས་བྱས་པར་མ་ཟད། “གྱོད་གཞི་ལས་ཁྲིམས་ལུགས་འགྲེལ་བཤད་དང་། གྱོད་གཞི་ལས་ཉེན་ཁ་གསལ་བརྡ་བྱེད་པའི”ཐབས་ལ་བརྟེན་ནས་གླེང་ཕྱོགས་ཀྱི་གནོད་ཤུགས་ཆེར་བསྐྱེད་བྱས་ཏེ། “འགན་སྲུང་དངུལ་གཡོ་ལེན་བྱེད་པ་ནི་ངོ་ཚ་དང་། འགན་སྲུང་དངུལ་ལ་སྲུང་སྐྱོབ་བྱེད་པ་ནི་གཟི་བརྗིད་ཡིན་པའི”འདུ་ཤེས་མི་རྣམས་ཀྱི་སེམས་ལ་བཞག
ལི་ཏུའུ་ཆུའུ་སྨན་བཅོས་འགན་སྲུང་ཅུའུ་དང་འཕྲོད་བསྟེན་བདེ་ཐང་ཅུའུ། ཁྲོམ་རའི་ལྟ་སྐུལ་དང་དོ་དམ་ཅུའུ་སོགས་སྡེ་ཁག་གིས་མཉམ་འབྲེལ་ཞིབ་བཤེར་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ། ཁ་གཏད་སྨན་བཅོས་ལས་ཁུངས་དང་ཁ་གཏད་སིལ་འཚོང་སྨན་ཁང་ལ་སྐབས་བསྟུན་འདེམ་བཤེར་བྱས་པ་དང་། འགན་སྲུང་དངུལ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་དམིགས་ནས། སྨན་བཅོས་འགན་སྲུང་ཐེབས་རྩའི་བེད་སྤྱོད་འོས་འཚམ་དང་ཚད་ལྡན་དུ་བཏང་།
ལི་ཏུའུ་ཆུའུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གནད་དོན་གྱི་ཁུངས་སྣེ་འཚོལ་བའི་བརྒྱུད་ལམ་རྒྱ་བསྐྱེད་དེ། གནད་དོན་གྱི་འབྱུང་ཁུངས་ལ་དབྱེ་ཞིབ་བྱེད་པ་དང་། ལམ་ལུགས་ཀྱི་མི་འདང་ས་ཁ་སྐོང་བྱེད་པ་ལ་བརྟེན་ནས། གྱོད་སྒྲུབ་དང་ལེགས་བཅོས། ལྟ་སྐུལ། སློབ་གསོ་བཅས་ཀྱི་ཁ་ཟུམ་གྲུབ་པར་བྱས།