ལུའོ་ཏུང་ཁྲོན་གྱིས་ཀྲུང་དབྱང་དཔལ་འབྱོར་འཕྲིན་ལམ《བགྲོ་གླེང》ལེ་ཚན་གྱི་ཆེད་ཞུས་དང་ལེན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ།  “རི་གཉིས”འདུ་ཤེས་བཏོན་ནས་ལོ་འཁོར་ཉི་ཤུ་འཁོར་བའི་དུས་ཆེན་ལ་ཐོན་ལ་ཉེ་བས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་དབྱང་ནོར་སྲིད་འཕྲིན་ལམ《བགྲོ་གླེང》ལེ་ཚན་གྱི་ཆེད་ཞུས་དང་ལེན་བྱས།  དུས་རབས་གསར་བའི་ནང་མཚོ་སྔོན་གྱིས་ཇི་ལྟར་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་བྱེད་པར་གཞི་བཙུགས་ནས།  མགོ་འཛིན་པ་དང་ཡུལ་དངོས་ཀྱི་སྐུ་མགྲོན་དག་དང་མཉམ་དུ་མཚོ་སྔོན་གྱིས“རི་གཉིས”འདུ་ཤེས་ལག་བསྟར་བྱས་པ་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་པའི་སྐོར་བགྲོ་གླེང་བྱས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐུགས་ལ་དམ་པོར་བཟུང་ཡོད་ལ།  ཁོང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ཞེས་ནན་གྱིས་བསྟན་པ་དང་།  ང་ཚོར་བློ་སེམས་རྩེ་གཅིག་གིས‘ཀྲུང་ཧྭའི་ཆུ་མཛོད’སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན།”  ལེ་ཚན་གྱི་ཡུལ་དངོས་སུ། ལུའོ་ཏུང་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་ལེན་དང་དོན་འཁྱོལ་བྱེད་པ་གཞིར་བཟུང་ནས།  སྐྱེ་ཁམས་གཙོ་བོར་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ།  དྲ་གྲགས་གསའ“ལིན་ཞའོ་ཀྲི”ལ་སྲུང་སྐྱོབ་བྱས་པ་དང་།  མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་པ།  ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་དང་ལྗང་མདོག་རྒྱ་བསྐྱེད་བྱས་པ།  ཉི་འོད་ནུས་པའི་ཤེལ་ལེབ་འོག་གི་རྩྭ་ལ་བརྟེན་པའི་ལུག་གིས་མི་དམངས་ཕྱུག་འགྱུར་དང་ཡོང་འབབ་འཕར་སྣོན་བྱས་པ།  མཐོ་སྒང་གི་ཉ་སན་ཝུན་རྒྱ་མཚོར་བསྐྱོད་པ།  ལིན་ཧུའུ་རྡོ་སྣུམ་གྲོང་རྡལ་དེ་གནམ་དཔྱད་རིག་པའི་གྲོང་རྡལ་དུ་བསྒྱུར་བ་སོགས་གཏམ་རྒྱུད་དྲུག་དཔེར་དྲངས་ཏེ།  མཚོ་སྔོན་གྱི་རི་སྐྱེས་སྲོགས་ཆགས་སྲུང་སྐྱོབ་དང་གསོ་སྐྱོང་མི་སྣ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བརྙན་ལེན་པ།  སྡེ་སྡོད་ཧྲུའུ་ཅི་དང་པོ།  ཁེ་ལས་ཀྱི་འཐུས་ཚབ་པ་སོགས་ཡུལ་དངོས་ཀྱི་སྐུ་མགྲོན་དག་གིས་མཉམ་དུ་བགྲོ་གླེང་དང་གྲོས་མོལ་བྱས།  མཚོ་སྔོན་གྱིས“རི་གཉིས”འདུ་ཤེས་ལག་བསྟར་བྱས་ཏེ་ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས་པ་ཀུན་གྱི་སྤྱན་སྔར་ཕུལ་བ་དང་།  མཚོ་སྔོན་གྱིས་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བ་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཡོད་ལ།   ཆུ་དྭངས་རི་སྔོའི“སྐྱེ་ཁམས་མཛེས་སྡུག”གིས་མི་དམངས་ཀྱི་འཚོ་བའི“བདེ་སྐྱིད་སྟོན་གྲངསམཐོར་འདེགས་བཏང་བའི་གསར་གཏོད་ཅན་གྱི་ལག་ལེན་མངོན་པར་བྱས། ལེ་ཚན་མཇུག་རྫོགས་ཁར།  ལུའོ་ཏུང་ཁྲོན་གྱིས་རྒྱལ་ཡོངས་ཀྱི་ལྟད་མོ་བ་དང་གྲོགས་པོ་རྣམས་རབ་མཛེས་མཚོ་སྔོན་དུ་ཕེབས་པར་གདན་འདྲེན་བྱས་པ་དང་།  དངོས་སུ“རི་གཉིས”འདུ་ཤེས་ཀྱི་མཚོ་སྔོན་ལག་ལེན་ལ་མྱོང་རོལ་བྱེད་པར་དགའ་བསུ་ཞུས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།