ཟླ8པའི་ཚེས27ཉིན་ནས་ཚེས30ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། 《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་ནན་ཏན་སྒོས་ལག་བསྟར་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་བློ་བརྟན་འགྱུར་མེད་ངང་ཁུར་ནས། རྒྱལ་ཁབ་སྤྱི་གླིང་གི་ནང་སྙིང་རྣམ་པའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་ལྷད་མེད་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བ་བཅས་ཕན་ཚུན་ཁ་གསབ་ཡོང་བར་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཤུགས་ཆེ་རུ་བཏང་སྟེ། རི་སྔོ་ཆུ་དྭངས་དུས་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་ང་རྒྱལ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིད་བསྟན།
ལུའོ་ཏུང་ཁྲོན་གྱིས་རྒྱལ་ཁབ་སྤྱི་གླིང་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ་ཞིག་ཡིན་པར་བརྟེན། སྐྱེ་ཁམས་སྲུང་སྐྱོང་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས། རང་བྱུང་སྐྱེ་ཁམས་མ་ལག་གི་དོན་དངོས་རང་བཞིན་དང་ཆ་ཚང་རང་བཞིན་གྱི་སྲུང་སྐྱོབ་ལ་མུ་མཐུད་ཤུགས་བསྣན་ཏེ། རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ཆེ་བའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་བསྐྲུན་དགོས། རང་བྱུང་ཉམས་ལེན་དང་སྐྱེ་ཁམས་ཞིབ་སྦྱོང་དང་འགྲེམས་སྟོན་གཏིང་ཟབ་དུ་སྤེལ་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་གང་ལེགས་བྱས་ཏེ། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཆེས་མ་བཅོས་ལྷུན་གྱིས་གྲུབ་པའི་ཆ་དང་ཆེས་མཛེས་སྡུག་ལྡན་པའི་རང་བྱུང་གི་བཀོད་པ་འཛམ་གླིང་གི་མི་རྣམས་ཀྱི་མཐོང་ལམ་དུ་སྣང་བར་བྱེད་དགོས། “རི་བོ་གཉིས”བསྒྱུར་བའི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། ས་གནས་དེ་གའི་སྡོད་དམངས་སྐྱེ་ཁམས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་ཁྲོད་ཞུགས་པར་ཁྲིད་སྟོན་དང་རོགས་སྐྱོར་བྱས་ནས། མཉམ་དུ་ཡོང་འབབ་འཕར་ནས་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བར་ཁྱམས་དང་སྐོར་སྲུང་ལམ་དྲ། སྤྱི་པའི་ཞབས་ཞུ་སོགས་ཀྱི་སྒྲིག་ཆས་འཆར་འགོད་འཛུགས་སྐྲུན་བྱས་ཏེ། མཉམ་འཛུགས་མཉམ་སྤྱོད་ཡིན་པའི་སྲུང་སྐྱོབ་དོ་དམ་གྱི་རྣམ་པ་གསར་པ་འཚོལ་ཞིབ་གང་ལེགས་བྱེད་དགོས་ཞེས་བསྟན།
ལུའོ་ཏུང་ཁྲོན་གྱིས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཐོན་ལས་ཅན་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལྷད་མེད་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུར་དམིགས་ནས། ཚན་རྩལ་གསར་གཏོད་ཀྱིས་ནོར་གནག་གི་ཐོན་ལས་ཡོངས་དང་འབྲེལ་ཐག་ཡོངས་ལ་འདེགས་སྐྱོར་བྱེད་པའི་ཤུགས་ཚད་སྔར་ལས་ཆེ་རུ་བཏང་ནས། མཐོ་སྒང་གི་ཁྱད་སྟོབས་ལྡན་པའི་སྲོག་ཤིང་ཐོན་ལས་བསྐྲུན་རྒྱུར་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ལུའོ་ཏུང་ཁྲོན་གྱིས་མཚོ་སྐྱ་རེངས་བྱང་ངོགས་སུ་གནས་པའི་རྨ་ཆུའི་འགོ་ཁུངས་ཀྱི་རྡོ་བརྐོས་རྗེས་ཤུལ་ཡོད་ས་རུ། ཡུལ་དངོས་ནས་རིག་དངོས་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཞིབ་ལྟ་བྱས་རྗེས། སྲུང་སྐྱོབ་དོ་དམ་དང་ཞིབ་འཇུག་འགྲེལ་བཤད། འགྲེམས་སྟོན་བེད་སྤྱོད་བཅས་ཀྱི་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ། རྨ་ཆུའི་རིག་གནས་ཤུལ་བཞག་གི་ནང་དོན་ཕུན་སུམ་ཚོགས་པོ་སྔོག་འདོན་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་ཆེད་འཚོ་བཅུད་སྔར་ལས་གང་མང་མཁོ་འདོན་བྱེད་དགོས་ཞེས་བསྟན།
ལུའོ་ཏུང་ཁྲོན་གྱིས་རྟོག་ཞིབ་བྱེད་སྐབས། འབྲེལ་ཡོད་ས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་དང་། དམངས་འཚོའི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་བསྒྲུབས་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་བསྣན་ནས། མི་རིགས་སོ་སོས་ཕན་ཚུན་བར་རྒྱ་ཁྱབ་ངང་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་སོ་སོའི་མི་དམངས་ལ་ཕན་པ་དངོས་ཐོབ་པར་བྱེད་དགོས་ཞེས་བསྟན།
ཚེ་རིང་ཐར་དང་ཁྲིན་ཅེ་ཝེ་འབྲེལ་ཡོད་བྱེད་སྒོར་ཞུགས།