ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལིར་མཇལ་འཕྲད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་ཡོང་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་རྗེས་དྲན་བྱེད་སྒོར་ཞུགས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལིས་ལ་མཇལ་འཕྲད་གནང་།

ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་ཡོང་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་    འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་རྗེས་དྲན་བྱེད་སྒོར་ཞུགས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལིས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ནེ་པ་ལ་གཉིས་ནི་རི་ཆུ་འབྲེལ་ཞིང་། མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཞི་བདེར་དགའ་ཞེན་དང་རང་ཚུགས་རང་སྟོབས་ཀྱི་རྒྱལ་ཁབ་ཅིག་ཀྱང་ཡིན།   འབྲེལ་བ་བཙུགས་ནས་ལོ་ངོ70འགོར་བའི་རིང་།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་སྒོས་ཀྲུང་གོ་དང་ནེ་པ་ལ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་གྲོགས་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་བྲིས་ཡོད།   མིག་སྔར། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་བཏང་པས།   རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་སྔར་ལས་མཛའ་མཐུན་བྱུང་ཡོད།    ཀྲུང་གོའི་ཕྱོགས་ཀྱིས་ནེ་པ་ལའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ།  སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་བྱེད་པ་དང་། ཀྲུང་གོ་དང་ནེ་པ་ལའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྔར་ལས་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཐད་ཀྱི་ཡིད་རྟོན་བྱེད་ཤུགས་ཆེ་རུ་བཏང་ནས།   ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། “རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་ཐུན་མོང་སྒོས་སྐུལ་འདེད་བཏང་གཏོང་བ་དང་། གྲུ་ཁ་དང་གཞུང་ལམ། གློག་དྲ། མཁའ་འགྲུལ། འཕྲིན་གཏོང་སོགས་མཉམ་འབྲེལ་མཉམ་མཐུད་ཡོང་བར་ཤུགས་སྣོན་དགོས།  ཐོན་ལས་དང་ཞིང་ཕྱུགས་ལས། ནུས་ཁུངས་གསར་པ། ཁོར་ཡུག་སྲུང་སྐྱོབ། སྣུམ་རླངས། མི་ཐབས་རིག་ནུས། སློབ་གསོ། འཕྲོད་བསྟེན། ཁྲིམས་འཛིན་བདེ་འཇགས་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ།   ཀྲུང་གོ་དང་ནེ་པ་ལའི་བར་འབྲེལ་བཙུགས་ནས་ལོ70འཁོར་བའི་རྗེས་དྲན་བྱེད་སྒོ་མུ་མཐུད་དུ་ལེགས་པོར་སྤེལ་དགོས།   མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྟེགས་བུར་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།   རང་མོས་ཉོ་འཚོང་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་བར་ཐུན་མོང་སྒོས་རྒྱབ་སྐྱོར་བྱས་ནས།  རྒྱལ་སྤྱིའི་དྲང་གཞག་ལ་སྲུང་སྐྱོང་བྱེད་དགོས།

ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་ཡོང་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་རྗེས་དྲན་བྱེད་སྒོར་ཞུགས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལིས་ལ་མཇལ་འཕྲད་གནང་།

ཨའོ་ལིས་ཀྱིས་བསྟན་དོན།   ནེ་པ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཉེན་ཁ་སྣ་ཚོགས་བརྒྱུད་ཡོད་པ་དང་།   དུས་ཡུན་རིང་པོར་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས།  དོ་ཁུར་བཅས་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་མཉམ་ལས་བྱས་པ་དེས་ནེ་པ་ལའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།  ནེ་པ་ལའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། “ཐའེ་ཝན་རང་བཙན”ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ལས་སྟོབས་ཤུགས་གང་རུང་གིས་ནེ་པ་ལའི་མངའ་ཁོངས་ལ་བརྟེན་ནས་ཀྲུང་གོའི་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་མི་ཆོག ནེ་པ་ལ་ཡིས་མུ་མཐུད་དུ་འཕེལ་རྒྱས་འགྲོ་རྒྱུར་ཤུགས་བསྣན་ཏེ།  ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱེད་པ་དང་།  “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་ཅིང་། ཉོ་འཚོང་དང་དངུལ་གཏོང་།  ཞིང་ལས།  ཚན་རྩལ། ཡུལ་སྐོར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ།   དགེ་མཚན་ལྡན་པའི་གྲུབ་འབྲས་སྔར་ལས་མང་པོ་ལེན་རྒྱུའི་རེ་བ་བཅངས་ཡོད། ནེ་པ་ལའི་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མ་ཟད།  ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ནུས་པར་མཐོང་ཆེན་བྱེད་པ་དང་།  “ཧྲང་ཧའེ་ཡི་སྙིང་སྟོབས”ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་སྔར་ལས་ནུས་པ་ཆེན་པོ་འདོན་རྒྱུའི་རེ་བ་བཅངས་ཡོད།

ཚའེ་ཆི་དང་ཝང་དབྱི། ཁྲིན་མིན་ཨར་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།