ཞི་ཅིན་ཕིང་གིས་འབར་མའི་སྲིད་འཛིན་ཚབ་མར་མཇལ་འཕྲད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ། ཀྲུང་གོར་ཡོང་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་རྗེས་དྲན་བྱེད་སྒོར་ཞུགས་པའི་འབར་མའི་སྲིད་འཛིན་ཚབ་མ་མེན་ཨང་ལའེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན།  འབར་མ་ནི་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་འཐབ་རའི་གྲུབ་ཆ་ཡིན་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བགྲོ་གླེང་གྲོགས་པོ་གལ་ཆེན་ཞིག་ཡིན།  ཀྲུང་གོ་དང་འབར་མ་གཉིས་ཀྱི་སྤུན་ཟླའི་བརྩེ་དུང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཏེ་སྔར་བཞིན་རྒྱུན་བསྲིངས་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་གོ་སྐབས་སུ་བརྩིས་ཏེ། འཐབ་ཇུས་མཉམ་ལས་གཏིང་ཟབ་བྱེད་པ་དང་།  ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་མང་བོ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོའི་ཕྱོགས་ཀྱིས་འབར་མ་འདི་ཉིད་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་དང་།  འབར་མའི་ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་དང་དམངས་འཚོ་ལེགས་བཅོས་ལ་རྒྱབ་སྐྱོར་བྱེད་པ་དང་། འབར་མས་རྒྱལ་ནང་གི་ཆབ་སྲིད་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་མཐུན་སྒྲིལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། བརྟན་འཇགས་དང་འཕེལ་རྒྱས་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད།   ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་ཀྱི་གཙོ་གནད་ལས་གཞིར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་ཉོ་འཚོང་མཉམ་ལས་ལ་ཡར་སྐུལ་བྱེད་དགོས།  རྒྱལ་མཚམས་བརྒལ་བའི་ཉེས་སྤྱོད་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྡུང་རྡེག་གཏོང་རྒྱུ་དང་། ཀྲུང་གོ་དང་འབར་མའི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་ཐུན་མོང་གིས་སྲུང་སྐྱོང་བྱས་ཏེ། འབར་མ་རུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་། ལས་ཁུངས། ལས་གཞི་བཅས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།  ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་དགོངས་དོན་དར་སྤེལ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་ཐུན་མོང་གིས་སྲུང་སྐྱོང་བྱེད་དགོས།

ཟླ8པའི་ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ། ཀྲུང་གོར་ཡོང་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་རྗེས་དྲན་བྱེད་སྒོར་ཞུགས་པའི་འབར་མའི་སྲིད་འཛིན་ཚབ་མ་མེན་ཨང་ལའེ་ལ་མཇལ་འཕྲད་གནང་།

མེན་ཨང་ལའེ་ཡིས་བསྟན་དོན། འབར་མ་དང་ཀྲུང་གོ་གཉིས་ལ་སྤུན་ཟླའི་བརྩེ་དུང་ཟབ་མོ་དང་ཞི་བདེ་བརྟན་རླིང་གི་ཐུན་མོང་དམིགས་འབེན་ཡོད་པས། དེས་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་བྱས་རྗེས་གལ་ཆེན་བཞག་ཡོད།   ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འབར་མའི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། དུས་ཡུན་རིང་པོའི་ནང་འབར་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་དང་། འབར་མའི་གནོད་རྗེས་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། འབར་མའི་བྱང་རྒྱུད་ཀྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས། འབར་མ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། ཚོང་དོན་དང་དངུལ་གཏོང་།  ནུས་ཁུངས་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་མང་པོ་བསྐྲུན་འདོད་ཡོད།  ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གླེང་མོལ་གྲོགས་པོ་ཡིན་པའི་ཆ་ནས། འབར་མ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཐད་ཧུར་ཐག་གིས་བྱས་རྗེས་འབུལ་འདོད་ཡོད།

ཕྱོགས་གཉིས་ཀྱིས་སྒོ་ཁྲལ་ལས་ཁུངས་དང་གསར་འགྱུར་སོགས་ཁྱབ་ཁོངས་སུ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད།

ཚའེ་ཆི་དང་ཝང་དབྱི། ཁྲིན་མིན་ཨར་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།