ཀྲའོ་ལི་ཅི་ཡིས་ཡོ་ནན་ལ་འཚམས་འདྲི་མཛད་རྒྱུ་ཡིན་པ་མ་ཟད་རྗེས་དྲན་བྱེད་སྒོ་གལ་ཆེན་ལ་ཞུགས་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དང་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཆིན་མིན་གྱིས་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ། ཟླ8པའི་ཚེས31ཉིན་ནས་ཟླ9པའི་ཚེས2ཉིན་བར་ཡོ་ནན་ལ་འཚམས་འདྲི་མཛད་རྒྱུ་ཡིན་པ་མ་ཟད། ཡོ་ནན་གྱི་ཟླ་བརྒྱད་པའི་གསར་བརྗེ་དང་ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་ཏེ། ཡོ་ནན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་གྱི་ཁྲིམས་འཛུགས་ལས་ཁུངས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་གནང་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།