མཚོ་སྔོན་མཚོ་བྱང་ཁུལ་གྱི“མདོ་ལའི་ལུག”རྒྱལ་ཁབ་ཀྱི་རྒྱུད་འཛིན་ཐོན་ཁུངས་མིང་ཐོའི་ནང་དངོས་སུ་བཅུག་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཞིང་འབྲོག་དང་ཚན་རྩལ་ཅུས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར“མདོ་ལའི་ལུག་”རྒྱལ་ཁབ་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མིང་ཐོའི་ནང་དངོས་སུ་བཅུག་ནས་མཚོ་སྔོན་གྱིས་གསར་དུ་གཏན་འཁེལ་བྱས་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལུག་རྒྱུད་རྒྱུད་འཛིན་ཐོན་ཁུངས་སུ་གྱུར་ཡོད། དེས་མདོ་ལ་རྫོང་གི་བོད་ལུག་ཐོན་ལས་ཀྱི་རིགས་རྒྱུད་སྤུས་ལེགས་གསོ་སྐྱོང་དང་ཐོན་ལས་འབྲེལ་ཐག་ཧྲིལ་པོ་རིམ་སྤོར་ཁྲོད་འགག་རྩའི་གོམ་པ་དང་པོ་སྤོས་པ་མཚོན།

རྒྱལ་ཡོངས་ཀྱི་སྐྱེ་ལྡན་འབྲོག་ར་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་མདོ་ལ་རྫོང་གིས་སྐྱེ་ལྡན་རྩྭ་ར་སྤྱི་ཆིང་ཁྲི102.1ལ་བརྟེན་ནས་བོད་ལུག་གི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ་སྟེ། 2024ལོའི་ལོ་མཇུག་ཏུ་ཉར་ཚགས་བྱེད་ཚད་ཁྲི77.41ཡིན་པ་དང་། 2025ལོའི་ལོ་སྟོད་དུ་ཉར་ཚགས་བྱེད་ཚད་ཁྲི103.15བར་འཕར་ནས་བོད་ལུག་ཐོན་ཚད་དུས་མཉམ་ལས་མང་དུ་ཕྱིན། ས་གནས་ཀྱི་སྲུང་སྐྱོང་སྲོལ་ཡིག་ལག་བསྟར་ནན་པོ་བྱས་པ་བརྒྱུད། ཚན་རིག་དང་མཐུན་པའི་སྒོ་ནས་ལྟེ་བའི་ལུག་ཁྱུ135དང་སྦྲུམ་མང་རྒྱུད་སྤེལ་ལུག་ཁྱུ་བགར། ཉེ་བའི་ལོ་གསུམ་ནང་ཕྱི་ནས་ཡོང་བའི་རིགས་རྒྱུད་ཁྲི20.23འདོར་བ་དང་བོད་ལུག་གི་རྒྱུད་འཛིན་གཙང་ཚད་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན་ཡོད།

ཐོན་ལས་གྱི“དག་མ་དག་རྐྱང་གི་ཚད”ཇེ་མཐོར་ཕྱིན་པ་དེ་ནི་ཚན་རྩལ་གྱི་ནུས་པ་འདོན་སྤྲོད་དང་དཔེ་དབྱིབས་གསར་གཏོད་ལས་བྱུང་བ་ཞིག་རེད། མདོ་ལའི་ལུག་རྒྱུད་གསོ་སྤེལ་ར་བས་ལོ་རེར་རྒྱུད་བཟང3000ཕྱིར་གཏོང་བྱས་ཤིང་རྒྱུད་བཟང་ཁྱབ་ཚད90%ཟིན། “ལོ་གཉིས་ནང་ལུ་གུ་གསུམ”གྱི་ལག་རྩལ་དང“གཅིག་གྱུར་ལྔ་པའི”གསོ་སྤེལ་བྱེད་སྟངས་ཁྱབ་གདལ་བཏང་བ་ལས་མོ་ལུག་གི་སྐྱེ་འཕེལ་ལས་ཕྱོད15%ཇེ་མཐོར་ཕྱིན་པ་དང་། ལུ་གུ་གསོན་ཚད84%ནས96%བར་འཕར། ལུ་གུ་ཐོན་པའི་དུས་ཡུན་ཟླ་བ6བར་ཇེ་ཐུང་དུ་ཕྱིན་ནས་འབྲོག་པའི་གསོ་སྤེལ་ཕན་འབྲས་ལྡབ་འགྱུར་གྱིས་འཕར་ཡོད། དེ་དང་ཆབས་ཅིག་ས་གནས་དེའི་ཚོགས་པའི་ཚད་གཞི་ཁག6བཟོས་ཏེ་རིམས་ནད་འགོག་ཟོན་རིམ་པ་གསུམ་གྱི་མ་ལག་བསྐྲུན་པ་དང་། སྲིད་འཛིན་གྲོང་ཚོ21ཀྱི“ཕྱུགས་གཅིག་ལ་ཚད་གཞི་གཅིག་ཆ་འཕྲིན་གཅིག”གི་གློག་རྡུལ་རྗེས་འདེད་དོ་དམ་ལ་གཞོགས་འདེགས་བྱས་ནས་བོད་ལུག་གི་སྤུས་ཚད་ལ་“འགོག་རགས”བརྟན་པོ་བཟོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།