མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ད་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་ལམ་ལུགས་རྩེ་རིམ་ཇུས་འགོད་དང་། དུར་འཇུག་མ་དངུལ་འགན་སྲུང་། མ་དངུལ་གོ་རིམ་ཇེ་ལེགས་སུ་གཏོང་བ་བཅས་བརྒྱུད“མི་འདས་པ་ནས་བེམ་པོ་སྒམ་འཇུག་དང་དུར་འཇུག་བར”གྱི་གོ་རིམ་ལ་འགན་སྲུང་བྱས་ཏེ། མང་ཚོགས་ལ་མྱོང་ཚོར་ཐུབ་པའི་དོན་དངོས་དང་དོན་བཟང་ཁག་ཅིག་ཐག་གཅོད་བྱ་བར་སྐུལ་འདེད་བཏང་ཡོད”ཅེས་ཟླ8པའི་ཚེས20ཉིན་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་སྤྱི་ཚོགས་འགན་སྲུང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་མ་ཞན་མིན་གྱིས་དེ་ལྟར་བཤད།
རྩ་བའི་དུར་འཇུག་ཞབས་ཞུའི་རྣམ་གྲངས་རྒྱ་སྐྱེད་དང་མང་ཚོགས་ཀྱི་དུར་འཇུག་གི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཐད་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་དུར་འཇུག་གི་དགོས་ངེས་ཀྱི་གོ་རིམ་ལ་དམིགས་ནས། སྔར་ཡོད་ཀྱི་བེམ་པོ་སྐྱེལ་འདྲེན་དང་། བེམ་པོ་ཉར་ཚགས། བེམ་པོ་མེར་སྤར། རུས་ཐལ་ཉར་ཚགས་བཅས་ཀྱི་གཞི་རྩའི་དུར་འཇུག་ཞབས་ཞུ་ཁག་བཞི་རྨང་གཞིའི་སྟེང་། ཁ་གྱེས་ཡུལ་བོགས་མར་གཏོང་བ་དང་དམངས་ཕན་གྱི་རུས་ཐལ་སྒམ(རུས་ཐལ་ཁུག་མོ)མཁོ་སྤྲོད་བྱ་རྒྱུ་དེ་གཞི་རྩའི་དུར་འཇུག་ཞབས་ཞུའི་ཁྱབ་ཁོངས་ནང་བཅུག་སྟེ། གཞི་རྩའི་དུར་འཇུག་ཞབས་ཞུ་དེ་ཁག་བཞི་ནས་ཁག་དྲུག་ཏུ་བསྐྱེད་པ་མ་ཟད། ནོར་སྲིད་རིམ་པ་ཁག་གིས་གཞི་རྩའི་དམངས་ཕན་དུར་འཇུག་ཞབས་ཞུའི་ཆག་ཡང་སྲིད་ཇུས་ཀྱི་འབྲེལ་ཡོད་གྲོན་དངུལ་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་བྱས། “རིན་གོང་མཐོན་པོ་ཡོད་པའི་རུས་ཐལ་སྒམ”དང་། ཁ་གྱེས་ཡུལ་ཁག་ཅིག་བོགས་མར་གཏོང་བའི་འགྲོ་གྲོན་ཅུང་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་དང་། མང་ཚོགས་ཀྱི་འདས་མཆོད་ཀྱི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་བཏང་། མིག་སྔར་ཞིང་ཆེན་ནོར་སྲིད་ཐིང་གིས་ས་གནས་ཁག་གི2025ལོའི་བྱ་དགའ་ཁ་གསབ་མ་དངུལ་སྒོར་ཁྲི500སྔོན་ལ་སྤྲད་ཡོད་ཅིང་། 2024ལོའི་བྱ་དགའ་ཁ་གསབ་མ་དངུལ་སྒོར་ཁྲི555ཡི་རྩིས་ཡོངས་སུ་བརྒྱབ།
དེ་དང་ཆབས་ཅིག་དུར་འཇུག་ཁྱབ་ཁོངས་ཀྱི་གྲོན་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་དུར་འཇུག་ཞབས་ཞུའི་ཞན་ཆ་ཐག་གཅོད་དང་། དུར་འཇུག་མ་དངུལ་འགན་སྲུང་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བྱ་དགོས། ད་ལོ་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་རིམ་པ་ཁག་གིས་ལོ་འགོར་སྔོན་རྩིས་བྱས་པ་བརྒྱུད་གཞི་རྩའི་དམངས་ཕན་དུར་འཇུག་ཞབས་ཞུ་དང་། ས་ཞིང་གྲོན་ཆུང་གི་སྐྱེ་ཁམས་དུར་འཇུག་བྱ་དགའ་ཁ་གསབ་དང་། དུར་འཇུག་བྱ་ལས་ཚན་པའི་འཁོར་སྐྱོད་གྲོན་དངུལ། རྒྱན་ཤོག་སྤྱི་ཕན་དངུལ་བཅས་ཀྱིས་དུར་འཇུག་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་མ་དངུལ་བཀོད་སྒྲིག་བྱས་པ་དེ་ལོ་གོང་མ་ལས40%ལྷག་འཕར་ཡོད། རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་ཁྲི621བཀོད་སྒྲིག་བྱས་པ་བརྒྱུད་དུར་འཇུག་ཞབས་ཞུའི་རླངས་འཁོར23ཉོ་སྒྲུབ་བྱས་པ་དང་། རྫོང་(ཁུལ)ཚང་མར་ཉུང་མཐར་ཡང་རླངས་འཁོར་གཅིག་དང་དགོས་མཁོ་ཅུང་ཆེ་བའི་ས་ཁུལ་དུ་དུར་འཇུག་ཞབས་ཞུའི་རླངས་འཁོར་གཉིས་བཀོད་སྒྲིག་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དུར་འཇུག་ཞབས་ཞུའི་རླངས་འཁོར་མི་འདང་བའི་གནད་དོན་ཐག་གཅོད་བྱས་ནས་དུར་འཇུག་མང་ཚོགས་ཀྱི་དགོས་མཁོ་དངོས་སྐོང་ཐུབ་པ་བྱས་ཡོད།
གཞི་རྩའི་དམངས་ཕན་དུར་འཇུག་སྲིད་ཇུས་དུས་ཐོག་ཏུ་ལག་བསྟར་བྱེད་པར་ཁག་ཐེག་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་དམངས་ཕན་རུས་ཐལ་སྒམ་གྱི་བཟོ་སྟངས་དང་རིན་གོང་གཉིས་གཅིག་མཐུན་ཡོང་བར་འགན་སྲུང་བྱས། རང་ཞིང་གིས་མ་དངུལ་སྒོར་ཁྲི40གཤམ་སྤྲོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་དམངས་ཕན་རུས་ཐལ་སྒམ2000དང་རུས་ཐལ་ཁུག་མ1000བཅས་གཅིག་གྱུར་ཐོག་ཉོ་སྒྲུབ་ཐད་ལ་རྒྱབ་སྐྱོར་བྱས།