ཟླ8པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་མཱ་ཞིན་གྱིས་སྣེ་ཁྲིད་པའི་ཅང་སུའུ་འཐུས་ཚབ་ཚོགས་པ་དང་བཞུགས་མོལ་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་དང་ཚེ་རིང་ཐར་བཞུགས་མོལ་ཚོགས་འདུར་ཞུགས།
ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་མཱ་ཞིན་སོགས་ལ་དགའ་བསུ་བྱས་པ་དང་། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཐེངས་གསུམ་ལ་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་པ་དང་། རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་རླབས་ཆེན་འཆར་འགོད་གནང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དམིགས་ས་གསར་པ་དང་འགན་འཁྲི་གསར་པ་བསྩལ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་ནི་ཤར་ནུབ་རྒྱུད་ཀྱི་དགེ་མཚན་ཕན་ཚུན་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་མངོན་པར་བྱས་ཡོད་ཟེར། ཁོས་ཕྱོགས་གཉིས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་མཉམ་དུ་བསྐྲུན་པ། ཐུན་མོང་ཕྱུག་འགྱུར་གྱི་དབྱངས་རྟ་གསར་པ་མཉམ་དུ་དཀྲོལ་བའི་ཁྲོད་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། མཚོ་སྔོན་དང་ཅང་སུའུ་ཞིང་ཆེན་གཉིས་ཀྱི་རོགས་སྐྱོར་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
མཱ་ཞིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། མཚོ་སྔོན་གྱི་དགོས་མཁོ་དང་ཅང་སུའུ་ཡི་བྱེད་ནུས་སྔར་ལས་ཟུང་འབྲེལ་བཟང་བོ་བྱེད་པ་དང་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་ལས་དོན་སོ་སོ་ཏན་ཏིག་གིས་བཟང་བོར་བསྒྲུབ་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་དང་ལས་གཞི་གལ་ཆེན་ལ་འཆར་འགོད་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ནས་རོགས་སྐྱོར་མཉམ་ལས་ལ་ཤུགས་བསྣན་ནས། མང་ཚོགས་ཀྱིས་ཤེས་ཤིང་ཚོར་ཐུབ་པའི་དོན་དངོས་སྔར་ལས་མང་པོ་སྒྲུབ་སྟེ། ཀྲུང་གོའི་ལུགས་ཀྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་ཅང་སུའུ་ཡི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།
བཞུགས་མོལ་ཚོགས་འདུའི་སྔོན་དུ། ལའོ་ཏུང་ཁྲོན་དང་མཱ་ཞིན། ཀྲང་ཅིན་ཀང་། ཚེ་རིང་ཐར་བཅས་ཀྱིས་མཉམ་དུ་ཅང་སུའུ་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིར་འཚམས་འདྲི་བྱ