ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ7པའི་ཚེས17ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུ།    ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ།  ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་།   སློབ་སྦྱོང་སློབ་གསོ་དང་དཔལ་འབྱོར་འཁོར་སྐྱོད། ཚན་རྩལ་གསར་གཏོད་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་མཉམ་དུ་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་སྒོས་བསྐྲུན་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ།   ལྗང་མདོག་རྩིས་ནུས་ཀྱི་མཐུན་སྦྱོར་ཚོད་ལྟ་གཏིང་ཟབ་ཏུ་གཏོང་བ། མུ་མཐུད་དུ་དམངས་ཚིས་ཀྱི་ཚད་མཐའ་བརྟན་པོར་སྲུང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཞོད་འགོག་དང་ཐན་སྐྱོན་འགོག་པ་དང་། བགྲོད་ལམ་འགྲིམ་འགྲུལ། དབྱར་ཁའི་གུང་གསེང་ཡུལ་སྐོར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་འགོག་སྲུང་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དངོས་གནས་འགན་སྲུང་བྱ་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་ངེས་ནས། བློ་བརྟན་འགྱུར་མེད་སྒོས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་ཡག་པོ་བྱེད་དགོས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།  ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་སྟེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ཉེ་ལམ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཡིག་ཆ་དང་གཏམ་བཤད། གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྲིད་གཞུང་གིས་མ་ལག་ལྡན་པའི་སློབ་སྦྱོང་སློབ་གསོར“ཕྱིར་མིག་ལྟ་བའི”བྱ་བ་ཏན་ཏིག་གིས་སྤེལ་བ་དང་།    སྨན་པའི་ཀུན་སྤྱོད་ཀྱི་འབྲེལ་ཡོད་གནད་དོན་གཅིག་བསྡུས་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ།    སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས།    སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ཟླ7པའི་ཚེས16ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  ནང་མཁོའི་སྦས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོར་མཉམ་འདྲེས་བྱ་དགོས།     རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་གི་བྱ་བ་དམ་འཛིན་ཡག་པོ་བྱས་ནས། བཅོས་སྒྲིག་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ནུས་ཕྱོད་མཐོར་འདེགས་གཏོང་དགོས།     འགྲན་རྩོད་ཚད་ལྡན་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་ལ་ཤུགས་བསྣན་ནས། གཅིག་གྱུར་སྒོ་འབྱེད་དང་འགྲན་རྩོད་གོ་རིམ་ལྡན་པ།    གསོན་ཤུགས་ཀྱིས་ཁེངས་པའི་ས་ཁོངས་ཀྱི་ཁྲོམ་རའི་མ་ལག་འཛུགས་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་བསྟན་དོན། ད་ལོར།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་བསྐྱོད་སྤྱིའི་ཆ་ནས་བརྟན་བརླིང་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་དཔལ་འབྱོར་འཁོར་བསྐྱོད་རྨང་གཞི་ད་དུང་སྲ་བརྟན་དུ་གཏོང་དགོས།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་བཅས་ལག་ལེན་མཐར་ཕྱིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་བཀོད་གཏོང་དམ་འཛིན་དང་སྲིད་ཇུས་ལ་སྐུལ་འདེད།    ཚོང་འགུགས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། བཟོ་ལས་བརྟན་པོ་ཡོང་བ་དང་ཕྱོགས་མང་པོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ།    ཐབས་ཤེས་གང་མང་སྤྱད་དེ་ཐོན་ལས་དམ་འཛིན་བྱས་ནས།    འཕར་སྣོན་བརྟན་པོ་དང་བསྐྱར་འཕར་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་འཛད་སྤྱོད་བློ་བརྟན་འགྱུར་མེད་སྒོས་ཡག་པོར་སྒྲུབ་སྟེ། དུས་ཚིགས་གསུམ་པར་ཤུགས་བསྣན་ནས་ལོ་སྨད་ཀྱི་བྱ་བར་འབད་བརྩོན་བྱེད་པ་དང་།  ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱ་རྒྱུར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི2025ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུར》   གྲོས་ཞིབ་བྱས་ཏེ་གཞི་རྩའི་ཆ་ནས་གྲོས་འཆམ་བྱུང་བ་དང་། གོ་རིམ་ལྟར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་གཏན་འབེབས་བྱ་རྒྱུར་ཕུལ་བ་དང་།《ཞིང་ཆེན་སྲིད་གཞུང་གི་དུས་ཚིགས་གསུམ་པའི་བྱ་བའི་གཙོ་གནད》ལ་གྲོས་ཞིབ་བྱས་ཏེ་གཞི་རྩའི་ཆ་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།