ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་ཀྱི་ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས“སྤུས་ཚད་མཐོ་བའི་ངང་‘ལོ་ལྔའི་འཆར་གཞི་བཅུ་བཞི་བའི་’འཆར་འགོད”ལེགས་འགྲུབ་བྱེད་པའི་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་རབ་དང་རིམ་པ་འཚོགས་ལ། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་ཀྱི་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ཡར་རྒྱས་གསར་པ་དང་ཕན་འབྲས་གསར་པ་ངོ་སྤྲོད་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཟླ6པའི་བར་དུ་རྒྱལ་ནང་གི་གསར་གཏོད་ཆེད་ཁེའི་བཀོལ་སྤྱོད་ཚད་ས་ཡ་ལྔ་དང་འབུམ་གཅིག་ལ་སླེབས། རང་རྒྱལ་གྱི་མི་འབོར་ཁྲི་རེའི་རིན་ཐང་ཆེ་བའི་གསར་གཏོད་ཆེད་ཁའི་བཀོལ་སྤྱོད་ཚད15.3སླེབས་ནས།“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་ལས་སྔོན་དཔག་བྱས་པའི་དམིགས་འབེན12སྔོན་ལ་མངོན་འགྱུར་བྱུང་། རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་ནུས་ལྡན་གསར་གཏོད་ཆེད་ཁའི་བཀོལ་སྤྱོད་ཚད་ས་ཡ་གཅིག་འབུམ་བཞི་ཁྲི་བདུན་སྟོང་གཉིས་ལ་སླེབས་པ་དེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་མཇུག་གི་ལྡབ2.2ཡིན།  རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་བེད་སྤྱོད་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཁེ་ལས་གསར་གཏོད་ཀྱི་ཆེད་ཁེའི་ཐོན་ལས་ཅན་གྱི་ཚད2020ལོའི44.9%ནས2024ལོའི53.3%བར་ཇེ་མཐོར་སོང་། ཤེས་བྱའི་ཐོན་དབང་བཀོལ་སྤྱོད་གྲོན་དངུལ་གྱི་ལོ་རེའི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དེ2020ལོའི་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་གཅིག་ཐེར་འབུམ་དགུ་དུང་ཕྱུར་བཞི་བྱེ་བ་བཞི་ནས2024ལོའི་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་དགུ་ཐེར་འབུམ་བརྒྱད་དུང་ཕྱུར་བདུན་བྱེ་བ་གཅིག་ལ་འཕར་ནས། ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད་བརྒྱ་ཆའི5.7ཡིན།

རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡི་ཅུའུ་ཀྲང་ཧྲིན་ཁྲང་ཡུས་ཀྱིས་བཤད་རྒྱུར།

རང་རྒྱལ་གྱི《ཆེད་ཁེའི་མཉམ་ལས་ཆིངས་ཡིག》གི་རྒྱལ་སྤྱིའི་ཆེད་ཁེ་དང་མ་ཏི་ལིས་རྒྱལ་སྤྱིའི་ཚོང་རྟགས། ཧའེ་ཡ་མ་ལག་གི་ཕྱི་ཚུལ་ཇུས་འགོད་རེ་ཞུ་བྱེད་ཚད་བཅས་ཚང་མ་འཛམ་གླིང་གི་མདུན་གྲལ་དུ་གནས་ཡོད་ལ། མིས་བཟོས་རིག་ནུས་དང་ཆ་འཕྲིན་འཕྲིན་གཏོང་སོགས་ཁྱབ་ཁོངས་སུ་འགག་རྩའི་ལག་རྩལ་གྱི་ཆེད་ཁེ་འབོར་ཆེན་དམ་འཛིན་བྱས་ཏེ། ཚན་རྩལ་གྱི་རང་ཚུགས་རང་འབད་དང་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།