སློབ་གསོ་པུའུ་ཡིས་མཐོ་རིམ་སློབ་གྲྭའི་རོགས་སྐྱོར་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

2025ལོའི་དབྱར་གནང་སྐབས་སློབ་གསོ་པུའུ་ཡིས་མཐོ་རིམ་སློབ་གྲྭའི་སློབ་མར་རོགས་སྐྱོར་བྱེད་པའི་ཐད་སྦྲེལ་ཁ་པར་མུ་མཐུད་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། ཨང་གྲངས་ནི་010—66097980དང་010—66096590ཡིན་པ་དང་། བདག་སྤྲོད་དུས་ཚོད་ནི་ཟླ7པའི་ཚེས15ཉིན་ནས་ཟླ་9པའི་ཚེས15ཉིན་བར་ཡིན་ཞིང་། ཉིན་རེའི་དུས་ཚོད8:00ནས་དུས་ཚོད20:00བར་ཡིན་ལ། སློབ་ཆེན་སློབ་མ་གསར་པ་དང་ལྷག་པར་དུ་ཁྱིམ་ཚང་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་གསར་པར་རོགས་སྐྱོར་སྲིད་ཇུས་བློ་འདྲི་དང་རོགས་རམ་བྱ་རྒྱུ་རེད།

ཞིང་ཆེན་ཁག་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)དང་ཀྲུང་དབྱང་པུའུ་ཁོངས་གཏོགས་མཐོ་རིམ་སློབ་གྲྭས་དུས་མཉམ་དུ་ཐད་སྦྲེལ་ཁ་པར་གཏོང་རྒྱུ་དང་། ཁ་པར་ཨང་གྲངས་དང་ཤར་གཏོང་དུས་ཚོད་ཡི་གེའི་རྗེས་ཀྱི་རེའུ་མིག་ལ་གསལ།

ལྷག་པར་དུ་རྒྱ་ཆེའི་སློབ་མར་མགོ་སྐོར་སྣ་ཚོགས་ལ་དོགས་ཟོན་དང་། ཁྲིམས་འགལ་གྱི་“སློབ་གྲྭའི་དངུལ་བུན་”ལ་དོགས་ཟོན་བྱས་ཏེ། རྒྱུས་མེད་དང་དོགས་པ་ཡོད་པའི་འཕྲིན་ཐུང་དང་། ཁ་པར་གཏོང་བ། འཕྲིན་ཐུང་གི་གྲོགས་པོ་སོགས་ལ་“ལན་འདེབས་མི་བྱེད་པ་དང་། ཁ་པར་མ་ལེན། ཁ་ཡ་མི་བྱེད་པ། དངུལ་བསྐུར་མི་བྱེད་པ་”བཅས་བྱས་ཏེ། དཔལ་འབྱོར་དཀའ་ངལ་ཐག་གཅོད་བྱེད་པའི་ཆེས་བདེ་འཇགས་དང་བློས་འགེལ་ཆོག་པའི་བྱེད་ཐབས་ནི་ཁྱིམ་བདག་དང་། དགེ་རྒན་། སློབ་གྲྭ་བཅས་ལ་བློ་འདྲི་དང་རོགས་རམ་ཞུ་བ་དེ་ཡིན།

2025ལོའི་དབྱར་གནང་སྐབས་ཀྱི་ཞིང་ཆེན་རིམ་པའི་སློབ་མར་རོགས་སྐྱོར་བྱེད་པའི་ཐད་སྦྲེལ་ཁ་པར་རེའུ་མིག

2025ལོའི་དབྱར་གནང་སྐབས་ཀྱི་ཀྲུང་དབྱང་མཐོ་རིམ་སློབ་གྲྭའི་སློབ་མར་རོགས་སྐྱོར་བྱེད་པའི་ཐད་སྦྲེལ་ཁ་པར་རེའུ་མིག
རྩོམ་སྒྲིག་པ། : ཨ་གཡང་སྐྱིད།