མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཐུན་མོང་རང་བཞིན་གྱི་སློབ་སྒྲུབ་ལ་བརྟེན་ནས་སློབ་གསོའི་ལེའུ་གསར་བ་བརྩམས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན།  ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་སློབ་གསོའི་ལེའུ་གསར་བ་རྩོམ་པ་ཞེས་པ་བརྗོད་དོན་དུ་བྱས་ཏེ། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་ཐུན་མོང་རང་བཞིན་གྱི་སློབ་སྒྲུབ་ཁོངས་གཏོགས་སློབ་གྲྭས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་ནས་མཉམ་ལས་གྲོས་མཐུན་བཀོད་པ་དང་། དེས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་ཐུན་མོང་རང་བཞིན་གྱི་སློབ་སྒྲུབ་ཐད་གོམ་པ་བརྟན་པོ་སྤོས་པ་མཚོན་ཡོད། 

མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དང་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་གཉིས་ཀྱིས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གསོའི་ཐུན་མོང་རང་བཞིན་གྱི་སློབ་སྒྲུབ་ཁོངས་གཏོགས་སློབ་གྲྭས་མཉམ་ལས་གྲོས་མཐུན་བཀོད་པ་དང་། སློབ་གྲྭ་གཉིས་ཀྱི་གཏིང་ཟབ་པའི་མཉམ་ལས་འབྲེལ་བ་དེ་ཁྲིམས་ལུགས་ཀྱི་སྒྲོམ་གཞིའི་འོག་དངོས་སུ་རྐང་ཚུགས་པར་གྱུར། གྲོས་མཐུན་འདིས་ལྟ་སྐུལ་མཛུབ་སྟོན་དང་ལས་གནས་སུ་སློབ་སྦྱོང་བྱེད་པ། དྲ་ལམ་ནས་སློབ་ཁྲིད་ཞིབ་འཇུག་བྱེད་པ། ཁྱིམ་དུ་ཡོང་ནས་སློབ་ཁྲིད་བྱེད་པ། འབྲིང་རྒྱུགས་ལ་གྲ་སྒྲིག་བྱེད་པ། དགེ་སློབ་ཟུང་འབྲེལ་བྱེད་པ། བསླབ་གཞིའི་ཐད་ཀྱི་འགྲན་རྩོད། ཐོན་ཁོངས་མཉམ་སྤྱོད་བཅས་ཁྱབ་ཁོངས་བརྒྱད་ཀྱི་ནང་དོན་འདུས་ཡོད། རྒྱུས་ལོན་བྱེད་པ་ལྟར་ན། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གསོའི་ཐུན་མོང་རང་བཞིན་གྱི་སློབ་སྒྲུབ་ཀྱི་ལག་བསྟར་ཇུས་གཞིའི་ནང་ཐུན་མོང་རང་བཞིན་གྱི་སློབ་སྒྲུབ་ཀྱིས་སྒོ་འབྱེད་དང་མཉམ་སྤྱོད། མཉམ་ལས། མཉམ་རྒྱལ་བཅས་ཀྱི་རྩ་དོན་གཏན་ཁེལ་གསལ་བོ་བྱས་ཡོད་ལ། ཐོན་ཁོངས་མཉམ་སྤྱོད་དང་དགེ་རྒན་གྱི་དཔུང་སྡེས་བརྗེ་རེས་བྱེད་པ། ཁྲིད་གཞི་ཞིབ་འཇུག་དང་གཞོག་འདེགས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་མཁར་གྲོང་གི་སློབ་གསོའི་ཧེ་བག་གསབ་པར་ཤུགས་བཏོན་ནས་སྤྱིའི་སློབ་སྒྲུབ་ཀྱི་ཆུ་ཚད་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་བཏང་བ་དང་། ཐུན་མོང་སློབ་སྒྲུབ་ཀྱི་སློབ་གྲྭ་སོ་སོས་སློབ་མ་རེ་རེ་བཞིན་སྤུས་ལེགས་སློབ་གསོ་མྱང་དུ་འཇོག་པ་དང་། ཐུན་མོང་སློབ་སྒྲུབ་གྱི་སློབ་གྲྭ་སོ་སོའི་དགེ་རྒན་རེ་རེ་བཞིན་ཕན་ཚུན་གཞོག་འདེགས་ཁྲོད་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་བརྩོན་པ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།