ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ7པའི་ཚེས15ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཞེ་དགུ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ལོའུ་ཀང་། ཝང་ཅིན་ཀྲེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་བསྡོམས་རྩིས་སྲོལ་ཡིག་གི་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་བཅའ་ཁྲིམས་རོགས་སྐྱོར་གྱི་གཏན་འབེབས་རེ་འགའི་འཆར་ཟིན་བཟོ་བཅོས་གནས་ཚུལ་གྱི་སྙན་ཞུར་ཉན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག་བཟོ་བཅོས་གཏན་འཁེལ་དང་། མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི་ལོ་ལོན་རྒན་པའི་ཁེ་དབང་འགན་སྲུང་སྲོལ་ཡིག་བཟོ་བཅོས་གཏན་འཁེལ་བྱེད་པར་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་གྱི་སྙན་ཞུར་ཉན་ལ། ཟི་ལིང་གྲོང་ཁྱེར་གླ་གཏོང་རླངས་འཁོར་འགྲུལ་སྐྱེལ་དོ་དམ་སྲོལ་ཡིག་བཟོ་བཅོས་གཏན་འཁེལ་བྱེད་པར་ཞིབ་བཤེར་བྱེད་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་སྔོན་འགོག་དང་བཅོས་སྐྱོང་སྲོལ་ཡིག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་སྲོལ་ཡིག  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་བཟོ་བཅོས་གཏན་འཁེལ་བྱེད་པ། མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་ལས་དོན་དོ་དམ་སྲོལ་ཡིག རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སྐུལ་སྤེལ་སྲོལ་ཡིག་གནས་ཚུལ་བཅས་ཀྱི་སྙན་ཞུར་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པ་དང་། ཁེ་ལས་ཚན་རྩལ་གསར་གཏོད་ཀྱི་གོ་གནས་གཙོ་བོ་ཤུགས་དྲག་ཏུ་གཏོང་རྒྱུའི་བྱ་བའི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱེད་པའི་སྙན་ཞུར་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི2025ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་གྱི2025ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2024ལོའི་ནོར་སྲིད་ངེས་རྩིས་འཆར་ཟིན་གྱི་སྙན་ཞུ། 2025ལོའི་ས་གནས་བུན་བྱང་འགྲེམས་པ་དང་གཏོང་སྤྲོད་སྔོན་རྩིས་འོས་འཚམ་ལེགས་སྒྲིག་བྱེད་པའི་སྙན་ཞུ། 2024ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་སྤྲོད་གཞན་པའི་རྩིས་བཤེར་བྱ་བའི་སྙན་ཞུའི་གནས་ཚུལ་བཅས་ཀྱི་སྙན་ཞུར་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་མཚོ་སྔོན་ཞིང་ཆེན་གྱིས་གཙང་དཔོན་དང་མཚེའུ་དཔོན་ལམ་ལུགས་ལག་བསྟར་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུའི་མ་རྩོམ་གནས་ཚུལ་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱེད་པའི་སྐོར་གྱི་སྙན་ཞུར་ཉན། འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་གྲོས་གཞིའི་གནས་ཚུལ་སྙན་ཞུ་ཕུལ་བར་ཉན་ཞིང་། ཀྲུའུ་རིན་གྲོས་ཚོགས་ལས་གོང་གི་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་འཐད་པ་བྱུང་།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་ཉིན་རིམ་འཆར་ཟིན་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ལས་ཉིན་རིམ་བཀོད་སྒྲིག་གི་འཆར་ཟིན་ལ་གྲོས་འཆམ་བྱུང་བ་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་སྤྲོད་རྒྱུར་འཐད་པ་བྱུང་།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།