ཟླ7པའི་ཚེས16ཉིན། ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་གནད་དོན་བཤེར་འདོན་དང་དག་ཐེར་ལེགས་བཅོས་བྱ་བར་ཕྱིར་མིག་བལྟ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་དང་། ཀྲུང་དབྱང་རིམ་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་ཚན་དང་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་བླང་བྱ་སློབ་སྦྱོང་བྱས་ཏེ། གནད་དོན་གྱི་གསལ་ཁྲ་དང་དག་ཐེར་གྱི་གསལ་ཁྲ་དེ་གྲུབ་འབྲས་ཀྱི་གསལ་ཁྲ་དང་ཕན་འབྲས་ཀྱི་གསལ་ཁྲ་རུ་འགྱུར་བར་ཁག་ཐེག་བྱས་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་བར་རྒྱུན་མ་ཆད་པར་སྐུལ་འདེད་བཏང་།
ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ལིས་ཅིན་པེན་གྱིས་གཏམ་བཤད་པ་དང་། ཚོགས་གཙོ་གཞོན་པ་ཡུས་ཝེ་ཕིང་དང་ཁོངས་མི་ཡོངས་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས།
ལིས་ཅིན་པེན་གྱིས་རང་ཞིང་གིས་སློབ་སྦྱོང་སློབ་གསོའི་རྣམ་པ་བཟང་པོ་དང་གྲུབ་འབྲས་མངོན་གསལ་ལ་གདེང་འཇོག་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། སློབ་སྦྱོང་དང་གྲོས་སྡུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་རྒྱུན་བསྐྱངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཙོ་གནད་དུ་བཟུང་ནས། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ། ཟུང་སྦྲེལ་བྱེད་པ་བཅས་ཀྱི་ཐད་མུ་མཐུད་དུ་འབད་བརྩོན་བྱེད་དགོས། གནད་དོན་བཤེར་འདོན་གྱི་སྤུས་ཚད་སྔར་ལས་མཐོར་འདེགས་བྱེད་པའི་རྒྱུན་བསྐྱངས་ཏེ། “སྔར་ལས་གནད་ལ་འཁེལ་བ་ལྔའི”བླང་བྱ་གལ་ཆེན་དང་བསྡུར་བ་ནན་མོ་བྱས་ནས། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་གཟབ་ནན་ཡིན་པའི་ཐོག་ནས་ཞིབ་བཤེར་སྔར་ལས་ཆ་ཚང་དང་། གཏིང་ཟབ་པ། གནད་ལ་འཁེལ་བ། དོན་དངོས་ཡིན་པ་བཅས་བྱེད་དགོས། གཅིག་བསྡུས་ལེགས་བཅོས་ཐད་ཡང་བསྐྱར་ནུས་ཤུགས་འདོན་པའི་རྒྱུན་བསྐྱངས་ཏེ། “འབུར་ཐོན་གནད་དོན་རིགས་བཞི”དང་བཤེར་འདོན་བྱས་པའི་གནད་དོན་གཞན་དག་ལ་དམིགས་ནས། ལེགས་བཅོས་བྱེད་ཐབས་དངོས་འབེབས་གང་ལེགས་བྱེད་པ་དང་། ལེགས་བཅོས་གཅིག་བྱས་ན། གནད་དོན་གཅིག་ཐག་གཅོད་པ་དང་། ཕན་འབྲས་གཅིག་ཐོན་པ་བཅས་བྱས་ཏེ། སྒོ་འབྱེད་སློབ་གསོ་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ལ་ཕན་པ་དངོས་ཐོབ་ཏུ་འཇུག་དགོས། སྒྲིག་སྲོལ་ལམ་ལུགས་འཛུགས་པར་སླར་ཡང་ཤུགས་སྣོན་པའི་རྒྱུན་བསྐྱངས་ཏེ། སློབ་སྦྱོང་སློབ་གསོའི་ཕན་འབྲས་དང་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་བསྡོམས་བྱས་ནས། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྒྲིག་འགལ་བཟའ་བཏུང་དག་ཐེར་བྱེད་རྒྱུ་རྒྱུན་དུ་དམ་འཛིན་དང་དུས་ཡུན་རིང་པོར་དམ་འཛིན་བྱས་ནས་ལམ་ལུགས་ཀྱི་སྒྲིག་ལམ་དམ་འཛིན་བྱེད་དགོས། འགན་འཁྲིའི་ཕྲེང་འབྲེལ་ཡང་བསྐྱར་དངོས་འབེབས་བྱེད་པའི་རྒྱུན་བསྐྱངས་ཏེ། སློབ་སྦྱོང་སློབ་གསོའི་རྗེས་མཐུད་བྱ་བ་དམ་འཛིན་ཞིབ་ཕྲ་བྱས་ཏེ། འགན་འཁྲི་ལག་བསྟར་ནན་མོ་དང་རིམ་པ་རེ་རེར་གནོན་ཤུགས་བརྒྱུད་འདྲེན་བྱས་ནས། སློབ་སྦྱོང་སློབ་གསོ་མགོ་ལེགས་པོ་རྩོམ་པ་དང་མཇུག་ལེགས་པོ་བསྡུ་བ། ལས་དོན་སྒྲུབ་མཁས་པ་བཅས་ལ་ཁག་ཐེག་བྱས་ཏེ། སྔར་ལས་ཏན་ཏིག་དང་སྔར་ལས་མངོན་གསལ་གྱི་ཕན་འབྲས་ཐོབ་ཏུ་འཇུག་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། ཕྱིར་མིག་བལྟས་ནས་སློབ་སྦྱོང་སློབ་གསོའི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་དགོས། སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བའི་ཐད་ནུས་ཤུགས་ཆེ་རུ་བཏོན་ནས། སྔར་ལས་གནད་ལ་འཁེལ་བ་ལྔའི་བླང་བྱ་གལ་ཆེན་ལ་དམིགས་ཏེ། ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་གྱི་ངོ་བོ་སྲུང་འཛིན་བྱེད་པའི་རྒྱུན་བསྐྱངས་ནས་སློབ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས། གནད་དོན་བཤེར་འདོན་གྱི་ཐད་ནུས་ཤུགས་ཆེ་རུ་བཏོན་ནས། ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། གནད་ལ་འཁེལ་བ། དངོས་སྒྲུབ་བཅས་བྱས་ནས་ཚང་བཤེར་ཆད་གསབ་བྱ་བ་ལེགས་པར་བསྒྲུབ་དགོས། བཅོས་སྒྲིག་གི་ཐད་ནུས་ཤུགས་ཆེ་རུ་བཏོན་ནས་མཁྲེགས་གཏོར་བྱ་བ་དང་མ་ལག་ལྡན་པའི་བྱེད་ཐབས། ཡུན་རིང་འབད་བརྩོན་བཅས་བྱས་ཏེ་བཅོས་སྒྱུར་ལ་ཕན་འབྲས་ཐོབ་པར་བྱེད་དགོས། མང་ཚོགས་ཀྱིས་ཚོར་ཐུབ་པ་དང་མཐོང་ཐུབ་པའི་ཐད་ནུས་ཤུགས་ཆེ་རུ་བཏོན་ནས། སྒོ་འབྱེད་སློབ་གསོའི་ཤན་འབྱེད་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་སྒོས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། མགོ་བཟང་བོ་རྩོམ་པ་དང་མཇུག་ལེགས་པོ་བསྡུ་བའི་ཐད་ནུས་ཤུགས་ཆེ་རུ་བཏོན་ནས། སློབ་སྦྱོང་སློབ་གསོའི་རྗེས་མཐུད་ཀྱི་བྱ་བ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་དཔལ་འབྱོར་འཕེལ་རྒྱས་དང་། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་བརྟན་བརླིང་། ཆུ་ལོག་སྔོན་འགོག་དང་ཐན་འགོག་སོགས་ཀྱི་གཙོ་གནད་བྱ་བ་ལེགས་པར་བསྒྲུབ་དགོས།
གྲོས་ཚོགས་སྟེང་འབྲེལ་ཡོད་གནས་ཚུལ་ཡིག་ཐོག་ནས་ཁྱབ་བསྒྲགས་བྱས། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་མཚོ་བྱང་ཁུལ་ཏང་ཨུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ཏང་ཙུའུ། མཚོ་སྔོན་སློབ་ཆེན་ཏང་ཨུ། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཚན་ཆུང་སོ་སོ་བཅས་ཀྱིས་བྱ་བའི་འཕེལ་རིམ་གྱི་གནས་ཚུལ་སྙན་ཞུ་བྱས།
མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན། ཝང་ལིས་མེན། ལིའུ་མེ་ཕིན། ཝང་ཝེ་ཏུང་། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ལིའུ་ཀང་བཅས་གྲོས་ཚོགས་ལ་ཞུགས།