དཔོན་སྐོར་གོང་མ་ཞང་གིས་ལས་མི་ལས་ཞུགས་སྐུལ་སློང་ཚོགས་ཆེན་རྩ་འཛུགས་བྱས་ཏེ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་བྱས་ནས་དཔལ་འབྱོར་གྱི་གཞི་རྩའི་གནས་བབ་བརྟན་པོ་ནུས་ལྡན་ཡོང་བ་བྱ་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི“ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན།ལས་ཞུགས་སྐུལ་འདེད་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།སྤུས་ཚད་མཐོ་བ་དང་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པ། དཔོན་སྐོར་གོང་མ་ཞང་གི2025ལོའི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་བྱ་བ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཅས་གཏོང་ཆེད།  ཟླ7པའི་ཚེས9ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དཔོན་སྐོར་ཞང་གིས2025ལོའི་ལས་མི་ལས་ཞུགས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས། ཞང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞང་ཀྲང་ངག་དབང་བསྟན་དར་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཞང་དམངས་ཆེན་གྱི་ཀྲུའུ་ཞི་ཞའོ་ཀྲེང་པའོ་ཡིས་ལས་ཞུགས་སྲིད་ཇུས་ལ་གསལ་འགྲེལ་བྱས་ཤིང་། སྡེ་བ་སོ་སོའི་ལས་ཞུགས་ཀྱི་འདུན་པ་ཡོད་པའི་གཞོན་དར་ངལ་རྩོལ་པ་མི130ལྷག་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་། དཔོན་སྐོར་གོང་མ་ཞང་གི2025ལོའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གནས་བབ་ལ་དབྱེ་ཞིབ་བྱས་ནས། ཞང་ཡོངས་ཀྱི་སྡེ་བ་སོ་སོའི་བསམ་བློ་གཅིག་གྱུར་དང་། ཞིང་ཆེན་ཕྱི་ནང་གི་ཁྲོམ་ར་སྔ་མོར་འཛིན་པ་དང་། ལས་ཞུགས་བྱེད་པོའི་འགན་འཁྲི་དངོས་སུ་འཁུར་རྒྱུར་སྐུལ་སློང་བྱས་ནས། ལས་ཞུགས་བྱ་བར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཞང་ཡོངས་ཀྱི2025ལོའི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་ལ་འགན་ལེན་ཞིབ་ཕྲ་ཡོང་བར་ཁག་ཐེག་བྱས། 

ཚོགས་འདུས་བླང་བྱ་བཏོན་དོན། ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་དགོས། ཕྱི་ངོས་དྲིལ་བསྒྲགས+གནད་འཁེལ་སྐུལ་སློང+ལས་གནས་ངོ་སྤྲོད+དཔེ་མཚོན་ལམ་ཁྲིད་བཅས་ཀྱི་བྱ་བའི་བྱེད་སྟངས་དང་། ལས་གནས་བརྟན་པོའི་ནང་རྐྱེན+སེམས་ཁུར་གཅེས་སྐྱོང+སེམས་ཁྲལ་སེལ་བའི་འགན་སྲུང་བྱེད་ཐབས་བཅས་ལ་བརྟེན་ནས། ཏང་ཨུ་དང་སྲིད་གཞུང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས། ལས་བཟོ་ཁེ་ལས། ངལ་ལས་ཀུང་སི་སོགས་ཕྱོགས་མང་པོའི་གཞོགས་འདེགས་ནང་རྐྱེན་ཆགས་སུ་འཇུག་དགོས། མགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་དགོས། ཆེད་མངགས་མི་དང་ཆེད་དོན་བྱ་བའི་རུ་ཁག་གིས་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་ཀྱི་ལས་ཀའི་འགན་འཁུར་དགོས་པ་དང་། སྡེ་བའི་རྩ་འཛུགས་ལ་འགན་འཁྲི་རྒྱུན་ཆད་མེད་པར་ནན་མོར་དཀྲིས་ནས། མང་ཚོགས་ཀྱི་བསམ་བློའི་ཐད་ཀྱི་སེམས་ཁྲལ་དང་འགག་གནད་སེལ་ནས། མང་ཚོགས་སེམས་བདེ་མོའི་ངང་ཕྱི་ལ་འགྲོ་རུ་འཇུག་དགོས། འཐབ་ཕྱོགས་དང་པོའི་བྱ་བའི་བྱེད་སྟངས་རྒྱུན་འཁྱོངས་བྱ་དགོས། འགན་ཁུར་མགོ་ཁྲིད་དང་སྡེ་བའི་རྩ་འཛུགས་ལས་བྱེད་པ་སོགས་ཀྱི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ཏེ། ཁྱིམ་ཚང་རེ་རེ་དང་མི་རེ་རེར་ལས་ཀ་སྤེལ་བ་དང་། ཕྱི་རོལ་དུ་ལས་ཀ་བྱེད་མཁན་གྱི་གླ་ཕོགས་ཐོབ་ཐང་དང་འཚོ་བའི་འགན་སྲུང་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱེད་པ་དང་། ལས་ཞུགས་ཞབས་ཞུ་འབྲེལ་ཐག་ཧྲིལ་པོ་དྲིལ་སྒྲོག་བྱེད་པ་དང་། ལས་གནས་ཀྱི་ཆ་འཕྲིན་མཚམས་སྦྱོར་བྱེད་པ།ལས་ཞུགས་ཀྱི་འདུན་པ་ལྡན་པའི་ན་གཞོན་དང་དར་མའི་ངལ་རྩོལ་ནུས་ཤུགས་སྐུལ་སློང་བྱས་ནས་གོ་སྐབས་དམ་འཛིན་གྱིས་སྔ་མོ་ནས་སྤོ་སྒྱུར་བྱེད་དགོས། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞང་དང་སྡེ་བའི་ཆ་འཕྲིན་ཁྱབ་སྒྲོག་སྟེགས་བུ་སྣ་ཚོགས་སོགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ལས་གནས་ཆ་འཕྲིན་འོས་སྐྱེལ་ཞབས་ཞུ་རྒྱ་ཁྱབ་ཏུ་སྤེལ་བ་དང་སྐད་འཕྲིན་ལ་བརྟེན་ནས་ལས་མི་བསྡུ་ལེན་གྱི་ཆ་འཕྲིན་ངོ་སྤྲོད་སོགས་གསར་གཏོད་བྱ་འགུལ་རྩ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་མང་ཚོགས་ལ་ལས་གནས་འཚོལ་དགོས། ལས་མི་རྣམས་ཀྱི་རྗེས་མཐུད་ཀྱི་རེ་འདུན་དང་ཁྱིམ་ཚང་གི་དཀའ་ངལ་ཐག་གཅོད་ཡག་པོ་བྱ་དགོས། ཞང་དང་གྲོང་རྡལ་ཁག་གཅིག་གི་རང་གིས་ཐག་གཅོད་པའི་གནད་དོན་དང་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་ཏེ། ཕྱི་རོལ་དུ་ལས་ཀར་བསྐྱོད་པའི་ལས་མིས་སེམས་བདེ་མོའི་ངང་ལས་ཀ་ལས་ཐུབ་པར་བྱས་ནས་སེམས་ཁྲལ་མེད་པར་བཟོ་དགོས། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།