ཟླ7པའི་ཚེས14ཉིན་བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་གསུམ་བསྡུས་པ་དང་། ཏང་ཡོན་ལས་བྱེད་པ་ལྔ་བརྒྱ་གསོ་སྦྱོང་ཁྲོད་ཞུགས་སུ་བཅུག་ལ། སྲིད་གཙང་སློབ་གསོས་ཏང་ཡོན་ལས་བྱེད་མི་ཐེངས་སྟོང་གཅིག་ལྷག་ཁེབས་པར་བྱས།
ད་ལོའི་ཚུན་དུ། དགའ་བདེ་རྫོང་གིས་གནད་འཁེལ་ཇུས་བསྟར་བྱས་ཏེ། ཏང་ཡོན་གྱི་སློབ་སྦྱོང་སློབ་གསོས་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་། གནད་དོན་འཚོལ་ཞིབ་བྱེད་པ། དག་ཐེར་དངོས་འབེབས། སྒོ་འབྱེད་སློབ་གསོ་སོགས་ཕྱོགས་བཞིའི་ཐད་ནས་སྐུལ་འདེད་གཏིང་ཟབ་བཏང་ཞིང་། སློབ་སྤྱོད་ཟུང་འབྲེལ་དང་དག་བཤེར་གཅིག་འབྲེལ་གྱི་བཀག་སྡོམ་རྐྱེན་སྲོལ་བཙུགས། མ་ཡིག་སློབ་པ་དང་དཔེ་མཚོན་དབྱེ་ཞིབ། ཞིབ་འཇུག་བརྡར་གཅོད་བཅས་ཀྱི་སློབ་སྦྱོང་རྣམ་པ་ཁྱབ་སྤེལ་བཏང་སྟེ། གཞུང་ལུགས་སློབ་སྦྱོང་དེ་ཆབ་སྲིད་ལག་ལེན་གྱི་དངོས་སྦྱོང་སློབ་ཚན་དུ་འགྱུར་བར་བྱས་ཤིང་། ལག་ལེན་ལ་བརྟེན་ནས་སློབ་སྦྱོང་གྲུབ་འབྲས་ལ་ཉམས་ལེན་བྱེད་པ་རྒྱུན་འཁྱོངས་བྱས། སྣེ་མང་ལྟ་སྐུལ་མ་ལག་གྲུབ་པར་བྱས་ཏེ། སྤྱི་ཚོགས་ལྟ་ཞིབ་ས་ཚིགས་དགུ་བཙུགས་པ་དང་། སྤྱི་ཚོགས་ལྟ་སྐུལ་པ24གྲུབ་པའི་ལྟ་སྐུལ་དཔུང་ཁག་རྩ་འཛུགས་བྱས་ནས། མང་ཚོགས་ཀྱི་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་བྱས། དུས་མཉམ་དུ་དག་ཐེར་དང་ཚུར་སྣང་། དཔྱད་འཇོག་བཅས་ཀྱི་རྐྱེན་སྲོལ་བཙུགས་ཏེ། དམངས་ཀྱི་འདོད་བློ་ཐད་ཀར་རྟོགས་པའི་འབྲེལ་ཟམ་བཙུགས་པ་བརྒྱུད། མང་ཚོགས་ལ་ལྟ་སྐུལ་དང་གྲུབ་འབྲས་དཔྱད་འཇོག་བྱ་བར་ཟབ་ཞུགས་བྱེད་དུ་བཅུག་ནས། དག་ཐེར་བྱ་བ་སྤྱོད་ཚུལ་ཉམས་ལེན་དུ་བསྒྱུར་ཞིང་། དོན་དག་རེ་རེར་ཕྱིར་ལན་ཡོད་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱས།