ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ7པའི་ཚེས15ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ7པའི་ཚེས15ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ལཱ་ཧྥུའུ་ལའོ་ཧྥུའུ་བརྒྱུད་དེ་སྲིད་འཛིན་ཕུའུ་ཅིན་ལ་བྱམས་བརྩེའི་འཚམས་འདྲི་བསྐུར། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་གཉི་གས་ང་དང་སྲིད་འཛིན་ཕུའུ་ཅིན་བར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ལ།  ཕྱོགས་མང་ལས་སྟེགས་སུ་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱལ་ཁབ་གཉི་གའི་འཕེལ་རྒྱས་དང་བདེ་འཇགས། ཁེ་ཕན་ལ་སྲུང་སྐྱོབ་ཡག་པོ་བྱས་ནས། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ལ་མཐུན་སྒྲིལ་བྱས་ནས། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་ཀྲུང་གོ་དང་ཨུ་རུ་སུས་མཉམ་དུ་བསྐྲུན་པའི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཡིན་པས། ཡ་གླིང་དང་ཡོ་རོབ་སྐམ་ས་ཆེན་མོའི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉི་གས་ཕན་ཚུན་བར་རྒྱབ་སྐྱོར་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལེགས་པོར་བཟུང་ནས། སྒུལ་ནུས་གསར་པ་ཟམ་མི་ཆད་པར་བསྣན་ཏེ་འཐབ་ཇུས་ཀྱི་སྟེགས་བུ་སྟོབས་ཆེར་གཏོང་དགོས་ཞེས་གསུངས།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་སྲིད་འཛིན་ཕུའུ་ཅིན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕུལ་བའི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་སྒྲོག་བྱས་ཏེ། རྒྱལ་ཁབ་གཉི་གའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་སྟོན་འོག་ཏུ། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་གལ་ཆེན་འདིར་ཀྲུང་གོ་བར་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་མཉམ་དུ་སྐུལ་འདེད་གཏོང་བར་རེ་ལྟོས་བྱེད་ཀྱིན་ཡོད་ལ། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་ཚོགས་བདེ་བླག་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་ངེས་ཡིན་ཞེས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།