2025ལོའི“ཀྲུང་གོའི་བཟོ་ཚོང་དངུལ་ཁང་རྟགས་མའི”རབ་མཛེས་མཚོ་སྔོན་སྐོར་པའི་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པ་བདེ་བླག་ངང་མཇུག་བསྒྲིལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ7པའི་ཚེས13ཉིན། རབ་མཛེས་མཚོ་སྔོན་སྐོར་པའི་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པའི་འགྲན་ཁུལ་བརྒྱད་པའི་སྨོན་ལམ་མཐོན་པོའི་སྐོར་འགྲན་གྱི་འགོ་བརྩམས། འགྲན་ཁུལ་བརྒྱད་པའི་སྤྱིའི་ལམ་ཐག་ལ་སྤྱི་ལེ121ཡོད་ཅིང་། གྱེན་འཛེགས་ས་ཚིགས1དང་རྩལ་སྤྲུགས་ས་ཚིགས3བཀོད་སྒྲིག་བྱས་ཡོད། མཐའ་མའི་ཛ་དྲག་གི་འགྲན་སྡུར་བརྒྱུད། ལི་ཉིང་ཀྲིའི་ཞིན་རུ་ཁག་གི་ཞེར་པི·ཡ་ལི་ཧྲན་ཏ་ཡིས་བྱ་དགའ་ཨང་དང་པོ་བླངས་ཤིང་།     དབྱི་ཐ་ལི་རུ་ཁག་གི་ཕེ་ན་ཝེར·མན་ནུའུ་ཨེར་གྱིས་བྱ་དགའ་ཨང་གཉིས་པ། ཞི་ཏེ་ཧྲེན-ཨ་སི་ཐ་ན་རུ་ཁག་གི་ཀའེ་ཐེ·ཨའེ་ལུན·མོ་ལིས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།    

གཟི་བརྗིད་སྟོད་གོས་ལེན་པའི་ཐད་ཞིས་ཏེ་ཧྲེན-ཨ་སི་ཐ་ན་རུ་ཁག་གི་མུའུ་ལུའུ་པུའུ་ལན·ཧེང་ནོ་ཁེ་ལ“ཀྲུང་གོ་བཟོ་ཚོང་དངུལ་ཁང་”གི་སྤྱིའི་གྲུབ་འབྲས་ཨང་དང་པོ་ཐོབ་པའི་སྟོད་གོས་སེར་པོ་དང་རྩལ་སྤྲུགས་རྒྱལ་པོའི་སྟོད་གོས་ལྗང་མདོག་ཐོབ་པ་དང་།     སི་ཕེན་རུ་ཁག་གི་ཨ་ཅི་ལེ·ཆའོ་ཨེན་གྱིས་གྱེན་འཛེགས་རྒྱལ་པོའི་སྟོད་གོས་དམར་པོ་བླངས།     མཚོ་སྔོན་ཐེན་ཡིའུ་ཏེ་རུ་ཁག་གི་ས་ཧྥ་ཀྲ་ཏེ·སའེ་དབྱི་ཏེ་ལ“ཕི་ཁེ”ཞེས་པའི་ཨེ་ཤ་ཡའི་ལྕགས་རྟ་སྐོར་མཁན་གྱི་སྟོད་གོས་སྔོན་པོ་ཐོབ་པ་རེད།    

དེར་བརྟེན། 2025ལོའི“ཀྲུང་གོའི་བཟོ་ཚོང་དངུལ་ཁང་རྟགས་མའི”རབ་མཛེས་མཚོ་སྔོན་སྐོར་པའི་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པ་བདེ་བླག་ངང་མཇུག་བསྒྲིལ་ཏོ། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།