ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་དུ་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ7པའི་ཚེས11ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་དུ་ཡུལ་དངོས་ཞིབ་བཤེར་བྱས།

ཞིབ་བཤེར་ཚན་ཆུང་ཟི་ལིང་མིན་རུའེ་ཟས་ཕོར་དུག་སེལ་ཚད་ཡོད་ཀུང་སི་དང་།    མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་སི། མཚོ་སྔོན་ཡུས་ཐའེ་ཕྱུགས་ལས་ཐོན་རྫས་ཚད་ཡོད་ཀུང་ཟི་སོགས་གཙོ་གནད་སྡེ་ཁག་ཏུ་བསྐྱོད་དེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་གཙོ་གནད་དོན་ཚན་ལ་དམིགས་ནས་ལྟ་རྟོག་དམ་ཟབ་བྱས་ཏེ།    ཟས་རིགས་ཀྱི་རྒྱུ་ཆ་ཉོ་བ་དང་རིམས་ནད་ཞིབ་བཤེར་དཔང་ཡིག་ལ་ལྟ་ཞིབ་བྱེད་པ།  ལས་སྣོན་སྒྲིག་བཟོའི་བརྒྱུད་རིམ། ཟས་ཕོར་གཙང་བཀྲུ་དུག་སེལ་བྱེད་པ། ལས་ཞུགས་མི་སྣའི་བདེ་ཐང་དོ་དམ་སོགས་གནད་འགག་གི་རིམ་པར་ཡུལ་དངོས་སུ་རྟོག་ཞིབ་བྱས་ལ། ལས་ཡུལ་དང་པོའི་ལས་བཟོ་བར་བརྗེ་རེས་རྒྱ་ཁྱབ་བྱས་ནས་བསམ་འཆར་གྲོས་གཞིར་ཉན།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་གནས་བབ་བརྟན་ལྷིང་ཁྲོད་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་།  ཟས་རིགས་བདེ་འཇགས་གནད་དོན་གལ་ཆེན་མི་འབྱུང་བའི་ཚད་མཐའ་སྲུང་འཛིན་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། ཟས་རིགས་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པས།  ཟས་རིགས་བདེ་འཇགས་སྐོར་གྱི“ཆེས་གཟབ་ནན་བཞིའི”བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ།    ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱེད་པ་དང་།    ཟས་རིགས་བདེ་འཇགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་དང་། བཅའ་ཁྲིམས་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་པའི་འགག་རྩའི་གནད་དོན་དམ་འཛིན་བྱས་ཏེ། ཕྱོགས་སོ་སོའི་འགན་འཁྲི་དམ་ཟབ་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ་ཉེན་ཁ་འགོག་ཟོན་གྱི་ཆུ་ཚད་དང་། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ནུས་ཕྱོད་ཆེ་རུ་གཏོང་བ།  ཟས་རིགས་བདེ་འཇགས་ཀྱི་ཕྲེང་འབྲེལ་ཧྲིལ་པོའི་འགོག་སྲུང་གི་བདེ་འཇགས་དང་དྲ་རྒྱ་དམ་ཟབ་བཅས་བྱ་དགོས། ཁྲིམས་འཛིན་ཞིབ་བཤེར་གོ་སྐབས་སུ་བརྩིས་ནས། བཅའ་ཁྲིམས་ཀྱི་ལག་བསྟར་ཁྲོད་གནས་པའི་གནད་དོན་གསར་རྙེད་དང་། ཁྱད་པར་དུ་ཟས་རིགས་ཀྱི་སྦྱོར་རྟ་སོགས་ཀྱི་ཚད་གཞི་གཏིང་ཟབ་ཏུ་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ།    ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་རིམ་ངོས་ནས་ཟས་རིགས་བདེ་འཇགས་ཁྲིམས་ལུགས་ཁྲིམས་སྲོལ་དག་བཅོས་གཏན་འཁེལ་ལ་ཕན་ཐོགས་པའི་དཔྱད་གཞི་འདོན་སྤྲོད་བྱ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།