རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པའི་འགྲན་ཁུལ་ལྔ་པའི་གནས་ཚུལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ7པའི་ཚེས10ཉིན།  རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པའི་འགྲན་ཁུལ་ལྔ་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནས་འགོ་བརྩམས་ཏེ་རྐང་ཚ་རྫོང་ནས་འགྲན་སྡུར་གྱི་མཇུག་སྒྲིལ།  མཐར་ཛ་དྲག་གི་འགྲན་སྡུར་བརྒྱུད་མོ་ཞི་ཁོPETROLIKEརུ་ཁག་གི་ཅ་ཞི་ཡ·ཐེ་ལེ་ཧོ·ཁ་ལུའོ་སིས་བྱ་དགའ་ཨང་དང་པོ་བླངས་པ་དང་། ཧ་སག་ཁུ་སི་ཐན་རུ་ཁག་གི་མུའུ་ལུའུ་པུའུ་ལན·ཧེང་ནོ་ཁེས་བྱ་དགའ་ཨང་གཉིས་པ་དང་།    སི་ཕེན་རུ་ཁག་གི་ཞིའར་ཝ·ཁུའུ་སང·ཅི་ལེ་ཨེར་མོར་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

འགྲན་ཁུལ་ལྔ་པའི་སྤྱིའི་ལམ་ཐག་ལ་སྤྱི་ལེ169ཡོད་ཅིང་གྱེན་འཛེགས་ས་ཚིགས3དང་རྩལ་སྤྲུགས་ས་ཚིགས1བཀོད་སྒྲིག་བྱས་ཡོད། 

ཟླ7པའི་ཚེས10ཉིན་གྱི་འགྲན་སྡུར་གྱི་རྣམ་པ།

ཟླ7པའི་ཚེས10ཉིན་གྱི་འགྲན་སྡུར་གྱི་རྣམ་པ།

ཟླ7པའི་ཚེས10ཉིན་གྱི་འགྲན་སྡུར་གྱི་རྣམ་པ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།