རྒྱལ་ཡོངས་ཀྱི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཐེངས་བཅུ་པ་ཚེས7ནས9ཉིན་བར་ཞིན་ཅང་ཧི་ཐེན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆ་ཚང་དང་ཡང་དག་སྒོས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཞིན་ཅང་བྱ་བའི་སྤྱིའི་དམིགས་འབེན་དམ་པོར་འཛིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་ཐིག་ལ་དམ་པོར་དམིགས་པ། སྙིང་རུས་གཏན་འཁྱོངས་ཀྱིས་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོ་བསྒྲུབ་ནས། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ཡོང་ཆེད་བྱས་རྗེས་གསར་པ་འཇོག་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བས་ཞིན་ཅང་གི་བྱ་བར་ཞབས་འདེགས་ཞུ་བའི་སྤྱིའི་དམིགས་འབེན་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། ཞིན་ཅང་ལྷོ་རྒྱུད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་སྟེང་གཅིག་བསྡུས་ཤུགས་འདོན་བྱེད་རྒྱུར་སྔར་ལས་དོ་སྣང་བྱེད་པ་དང་། ཞིན་ཅང་གི་རྣམ་པ་གསར་པའི་བཟོ་ལས་ཅན་དང་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བའི་སྟེང་གཅིག་བསྡུས་ཤུགས་འདོན་བྱེད་རྒྱུར་སྔར་ལས་དོ་སྣང་བྱེད་པ། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྟེང་གཅིག་བསྡུས་ཤུགས་འདོན་བྱེད་རྒྱུར་སྔར་ལས་དོ་སྣང་བྱེད་པ། མཐོང་རྒྱུ་ཡོད་པ་དང་ཚོར་རྒྱུ་ཡོད་པ། ཕན་ནུས་ལྡན་པའི་སྒོ་ནས་རིག་གནས་ཀྱིས་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་སྟེངགཅིག་བསྡུས་ཤུགས་འདོན་བྱེད་རྒྱུར་སྔར་ལས་དོ་སྣང་བྱེད་པ། སློབ་གསོས་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ཕན་འབྲས་མཐོར་འདེགས་གཏོང་བའི་སྟེང་གཅིག་བསྡུས་ཤུགས་འདོན་བྱེད་རྒྱུར་སྔར་ལས་དོ་སྣང་བྱེད་པ་བཅས་བྱས་ནས། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ལེགས་པོ་བྱེད་དགོས།
ལིས་ཀན་ཅེ་ཡིས་གྲོགས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་སྤྱི་བསྡོམས་གཏམ་བཤད་སྤེལ། ཁོས་ས་ཁུལ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ངོ་བོ་དང་ངེས་གནས་དང་། རྩ་བའི་དམིགས་འབེན། ཤུགས་འདོན་ཕྱོགས་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ལས་འགན་གཏན་ཁེལ་གསལ་བོ་དང་གཙོ་གནད་འབུར་དུ་ཐོན་པར་བྱས་ནས། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཕན་འབྲས་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས། འགན་སྲུང་ཇེ་ཆེར་གཏོང་བ་དང་སྒྲུབ་མཁས་འབྲས་བརྩོན་བྱས་ཏེ། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་བྱས་ནས་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།
ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར19དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། ས་ཁུལ་དང་ཁུལ། གྲོང་ཁྱེར། དམག་དཔུང་དང་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།
ཝང་ཧུའུ་ཉིང་ད་དུང་ཨ་ཁི་སུའུ་དང་ཧི་ཐེན། དཔུང་ཚོགས་ཀྱི་ཁྲི་དཔུང་དང་པོ་ཨ་ལ་ཨར་གྲོང་ཁྱེར། ཁྲི་དཔུང་བཅུ་བཞི་པའི་ཁུན་ཡུས་གྲོང་ཁྱེར་སོགས་སུ་རྟོག་ཞིབ་གནང་བར་ཕེབས་ནས། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ། གཞི་རིམ་མང་ཚོགས་བཅས་ལ་འཚམས་འདྲི་མཛད།