ས་དེའི་དུས་ཚོད་ཟླ7པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཁེ་རོ་རུ་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ7པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཁེ་རོ་རུ་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ནི་ཕན་ཚུན་ཡིད་རྟོན་རུང་བའི་གྲོགས་པོ་བཟང་པོ་དང་སྤུན་གྲོགས་བཟང་པོ་ཡིན། ད་ལྟ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རབ་རྒྱལ་ཁབ་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ལེགས་ཤོས་སུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ལ། ཨ་རབ་རྒྱལ་ཁབ་ཀྱིས་དྲང་བདེན་གྱི་ལས་དོན་སྤེལ་བར་རྒྱབ་སྐྱོར་བརྟན་པོ་བྱེད་ཅིང་། ཨ་རབ་རྒྱལ་ཁབ་ཀྱིས་འཐབ་ཇུས་རང་བདག་ལ་ཤུགས་སྣོན་དང་། མཐུན་སྒྲིལ་རང་སྤེལ་ལ་བརྟེན་ནས། རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མནའ་འབྲེལ་བར་གྱི་མཛའ་བརྩེའི་འབྲེལ་བར་ཤུགས་བསྣན་ཏེ། ཨ་རབ་རྒྱལ་ཁབ་དང་མཉམ་དུ་འཐབ་ཇུས་ཡིད་རྟོན་ཤུགས་དྲག་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་མ་ཟད། ལག་རྡང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོས་ཨ་རབ་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་གང་ལེགས་དང་། མུ་མཐུད་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་ཅིང་། ནུས་ཁོངས་དང་། ཉོ་ཚོང་། དངུལ་གཏོང་། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། ནུས་ཁུངས་གསར་པ་དང་། མི་ཐབས་རིག་ནུས། གཞི་གྲངས་དཔལ་འབྱོར། རྒྱུན་མཐུད་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། མཚོན་བྱེད་རང་བཞིན་གྱི་བཀོད་འདོམས་ལས་གཞི་དང་དམངས་ཕན་བཟོ་སྐྲུན་ཆུང་བར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས། ཕྱོགས་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་དཔལ་ཡོན་གྲོས་མོལ་དང་མི་ཆོས་བརྗེ་རེས་ལ་ཤུགས་བསྣན་ཏེ། ན་གཞོན་དང་རིག་མཛོད། མཐོ་རིམ་སློབ་གྲྭ། རིག་གནས་ཡུལ་སྐོར་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་སྣའི་འགྲོ་འོང་ལ་ཕན་པའི་བྱེད་ཐབས་སྔར་ལས་མང་པོ་འཚོལ་ཞིབ་བྱས་ནས། རྒྱལ་དམངས་ཕན་ཚུན་མཛའ་ཞིང་བརྩེ་བ་དང་དམངས་སེམས་གཅིག་འབྲེལ་ཏུ་ཆགས་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འཛམ་གླིང་ཉོ་ཚོང་རྩ་འཛུགས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་སྟེགས་བུའི་བར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ཐུན་མོང་རེ་འདུན་མངོན་པ་དང་ཐུན་མོང་བསམ་ཚུལ་བཏོན་ནས། སྔར་ལས་དྲག་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཨ་རབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་བྱེད་ནུས་གལ་ཆེན་བཏོན་ནས། སང་ལོའི་ཀྲུང་གོ་དང་ཨ་རབ་ཀྱི་རྩེ་ཚོགས་སྐབས་གཉིས་པ་མཉམ་དུ་ཡག་པོར་བསྡུ་བའི་རེ་བ་བྱས་ཡོད།
ཀའེ་ཐི་ཡིས་བསྟན་དོན། ཀྲུང་གོ་ནི་ཨ་རབ་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་ཡིན། ཨ་རབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡག་ཅིང་། དངོས་གཉེར་མཉམ་ལས་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་འཛམ་གླིང་གྲོས་གཞི་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ངེས། ཨ་རབ་ཕྱོགས་ཀྱིས་ཀྲུང་གོས་འཕེལ་རྒྱས་ཐད་གྲུབ་འབྲས་རླབས་ཆེན་བླངས་པར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ། ཀྲུང་གོའི་བར་གྱི་ཆབ་སྲིད་ཡིད་རྟོན་ཇེ་ཟབ་དང་། ཕན་ཚན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་འོག ཉོ་ཚོང་དང་དངུལ་གཏོང་། མི་ཆོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་ཀྱི་རྩེ་ཚོགས་སྐབས་དང་པོའི་གྲུབ་འབྲས་མུ་མཐུད་དངོས་འབེབས་བྱས་ནས། སང་ལོའི་རྩེ་ཚོགས་སྐབས་གཉིས་པ་མཉམ་དུ་ཡག་པོར་བསྡུ་འདོད་ཡོད། ཨ་རབ་ཕྱོགས་ཀྱིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་ཁྲོད་ཨ་རབ་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་དང་། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།