2025ལོའི“དཔལ་ཡོན་ཀྲུང་གོ”བརྗོད་དོན་ཡིན་པའི་བཅར་འདྲི་མཚོ་སྔོན་དུ་སྤེལ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས9ཉིན། 2025ལོའི“དཔལ་ཡོན་ཀྲུང་གོ”བརྗོད་དོན་ཡིན་པའི་བཅར་འདྲི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ་འགོ་བརྩམས་པར་མ་ཟད། “དཔལ་ཡོན་ཀྲུང་གོའི་ངོས་ནས་མཚོ་སྔོན་ལ་ལྟ་བ”ཞེས་པའི་དཔེ་མཚོན་དཔེ་གཞི་སྒྲོག་སྤེལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་འགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ།

ཐེངས་འདིའི་བྱེད་སྒོ་ནི་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པ་ཡིན་ལ། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཉམས་སྣང་གསར་པ་དང་གྲུབ་འབྲས་གསར་པ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཆེད་རེད། བྱེད་སྒོ་དེ2023ལོར་སྤེལ་འགོ་བརྩམས་པ་ནས་བཟུང་བསྟུད་མུར་ལོ་གསུམ་གྱི་རིང་ལ་སྤེལ་ཡོད།

མཚོ་སྔོན་ནི་ས་བབ་མཐོ་ས་དང་ཤེས་རིག་གི་མཐོ་ས་ཡིན་པའི་དབང་གིས། “མཚོ་སྔོན་གྱི་གཟི་དཔལ་དང་ཉམས་སྣང་གསར་པའི”ཤེས་རིག་མཐོར་འདེགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། “རི་བོ་དང་གཙང་བོའི་ཁུངས་སུ་གྲགས་པའི་རབ་མཛེས་མཚོ་སྔོན་གྱི”དཔལ་ཡོན་རི་མོ་ངང་གིས་གྲུབ་པར་བྱས། འགོ་རྩོམ་མཛད་སྒོའི་སྟེང་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི་འཐུས་མི9ཡིས་དཔེ་མཚོན་དཔེ་གཞི7ཁྱབ་བསྒྲགས་བྱས་ཏེ། མཚོ་སྔོན་གྱི་འབྲེལ་ཡོད་བྱ་བའི་ལག་ལེན་གྲུབ་འབྲས་གཅིག་སྡུད་སྒོས་བསྟན།

འགོ་རྩོམ་མཛད་སྒོ་སྤེལ་རྗེས། བཅར་འདྲི་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་སུ་སོང་སྟེ་ཡུལ་དངོས་ནས་བཅར་འདྲི་བྱ་རྒྱུ་རེད། བཅར་འདྲིའི་ས་ཚིགས་དང་པོ་མཚོ་སྔོན་གྱི་གསར་འགྱུར་བཅར་འདྲིའི་ལས་སྒོ་ཚར་རྗེས། གཙོ་སྒྲུབ་ཕྱོགས་ཀྱིས་གསར་འགོད་པ་རྩ་འཛུགས་བྱས་ནས། ཁག་བགོས་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ། རྣམ་པ་སྣ་མང་དང་མཐོང་སྣེ་ཆུང་ཆུང་འཛིན་པ། འགྲོ་ཞོར་དུ་བཅར་འདྲི་བྱེད་པ་བཅས་ཀྱི་ཐབས་ཤེས་སྤྱད་ནས། སྔོན་ཐོན་ལག་རྩལ་མཉམ་སྤྱོད་བྱས་ཏེ། དཔེ་མཚོན་དཔེ་གཞི་གཅིག་སྡུད་སྒོས་ཁྱབ་སྒྲོག་བྱས་ནས། ཡུལ་ཚོའི་དཔལ་ཡོན་གྱི་ཉམས་སྣང་ཚུར་སྣང་བྱེད་ཐུབ་པའི་བཅར་འདྲི་དང“དྲ་ངོས་ནས་དཔལ་ཡོན་ཀྲུང་གོའི”གྲོང་ཚོ་རྒྱང་སྟོན་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། དཔལ་ཡོན་གསོ་སྐྱོང་དང་དཔལ་ཡོན་ལག་ལེན། དཔལ་ཡོན་གསར་གཏོད་བཅས་ཀྱི་ཕན་འབྲས་ཟུར་བལྟས་ལེབ་མཐོང་གི་སྒོ་ནས་མངོན་པར་བྱ་རྒྱུ་ཡིན་ལ། ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་ཚོར་འབད་བརྩོན་གྱི་གསོན་ཉམས་ལྡན་པའི་ལག་ལེན་མངོན་གང་ཐུབ་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་བསམ་པའི་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་རེད། ཐེངས་འདིའི་བརྗོད་དོན་བཅར་འདྲི་ད་ལོའི་ཟླ11པའི་ཟླ་མཇུག་བར་རྒྱུན་མཐུད་ངང་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།