རང་རེའི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན། རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པའི་འགྲན་ཁུལ་བཞི་པ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་རྫོང་ནས་འགོ་བརྩམས་ཏེ། ལམ་བར་དུ་ཨ་མྱེས་གངས་དཀར་དང་མདོ་ལའི་རྩྭ་ཐང་ཆེན་མོ། མཁར་དམར་གནའ་ཁུལ་སོགས་བརྒྱུད་མཐར་མདོ་ལ་རྫོང་ནས་འགྲན་སྡུར་གྱི་མཇུག་སྒྲིལ། འགྲན་ཁུལ་བཞི་པའི་སྤྱིའི་ལམ་ཐག་ལ་སྤྱི་ལེ173ཡོད་ཅིང་གྱེན་འཛེགས་ས་ཚིགས2དང་རྩལ་སྤྲུགས་ས་ཚིགས3བཀོད་སྒྲིག་བྱས་ཡོད། མཐར་ཛ་དྲག་གི་འགྲན་སྡུར་བརྒྱུད་ཨེ་སོ་ཉི་ཡ་རུ་ཁག་གི་ལ་ཡ་སི·མ་ཏིན་གྱིས་བྱ་དགའ་ཨང་དང་པོ་བླངས་པ་དང་། ལི་ཉིང་རུ་ཁག་གི་ཞེར་པི·ཡ་ལི་ཧྲན་ཏ་ལ་བྱ་དགའ་ཨང་གཉིས་པ། དབྱི་ཐ་ལི་རུ་ཁག་གི་འགྲན་ཞུགས་པ་ཀྲ་ནུང་སའེ་ལོ·ཨེན་ལུའོ་ཁི་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
ཟླ7པའི་ཚེས9ཉིན། ཨང་དང་པོ་ཐོབ་མཁན་ཨེ་སོ་ཉི་ཡ་རུ་ཁག་གི་ལ་ཡ་སི·མ་ཏིན་དང་། ཨང་གཉིས་པ་ཐོབ་མཁན་ལི་ཉིང་རུ་ཁག་གི་ཞེར་པི·ཡ་ལི་ཧྲན་ཏ། ཨང་གསུམ་པ་ཐོབ་མཁན་དབྱི་ཐ་ལི་རུ་ཁག་གི་འགྲན་ཞུགས་པ་ཀྲ་ནུང་སའེ་ལོ·ཨེན་ལུའོ་ཁི་བཅས་ཀྱིས་སྟེགས་བུའི་སྟེང་བྱ་དགའ་བླངས་ནས་མཉམ་པར་བསྐྱོན་བཞིན་པའི་ཚུལ།
ཟླ7པའི་ཚེས9ཉིན་གྱི་འགྲན་སྡུར་གྱི་རྣམ་པ།