མཚོ་སྔོན་གྱི་རྫོང་རིམ་པའི་ཡིག་སྐུར་ངོ་བཅར་སྡེ་ཁག45ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  “ང་ཚོས་རྫོང་རིམ་པའི་ཡིག་སྐུར་ཞུ་གཏུག་ལས་ཁུངས་ཀྱིས་རིམ་པ་གཅིག་མཚུངས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་བརྟེན་ནས་ཡིག་སྐུར་ཞུ་གཏུག་ལས་དོན་ཐག་གཅོད་བྱ་རྒྱུར་ཧུར་ཐག་གིས་སྐུལ་འདེད་བཏང་ནས་ཐོན་ཁུངས་སྡེབ་སྒྲིག་དང་། ནུས་པ་མཉམ་འབྲེལ། སྤུས་ཚད་དང་ཕན་འབྲས་གཅིག་སྡུད་བཅས་མངོན་འགྱུར་བྱེད་ཀྱིན་ཡོད། ད་ལྟའི་བར་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་ཡིག་སྐུར་ཞུ་གཏུག་ལས་ཁུངས45ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་ཡོད།”ཅེས་མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་ཡིག་སྐུར་ཞུ་གཏུག་ཅུའུ་ཡི་གཞུང་ལས་ཁང་གི་ཀྲུའུ་རེན་མ་ཧྲི་པོ་ཡིས་གསར་འགོད་པར་ངོ་སྤྲོད་བྱས།

མ་ཧྲི་པོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རྫོང་རིམ་པའི་ཡིག་སྐུར་ཞུ་གཏུག་ལས་ཁུངས་ཀྱིས་ལས་སྒོ་སྤུས་ལེགས་དང་། ནུས་པ་ཇེ་ཆེ། བྱང་ཚད་ཇེ་ལེགས་སུ་གཏོང་པའི་རྐང་འཛིན་སྟོབས་ཤུགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཀོད་སྒྲིག་བྱས་ཏེ་ཤེས་ལྡན་མི་སྣ་ཆེད་ལས་ཅན་དུ་བསྒྱུར་ནས་འཁོར་སྐྱོད་དངོས་འཐབ་ཅན་དུ་འགྱུར་རྒྱུར་འགན་སྲུང་བྱས། “རིགས་དབྱེ་ནས་བདག་སྤྲོད་དང་། ཕྱོགས་བསྡུས་ལས་སྒྲུབ། མཐུན་སྦྱོར་ཐག་གཅོད། ཁ་ཟུམ་དོ་དམ”གྱི་ལམ་སྲོལ་ལྟར་ཡིག་སྐུར་ཞུ་ཡིག་གི་དོན་དག་བདག་སྤྲོད་བྱས་ཏེ་ལས་དོན་ཚད་ལྡན་ཅན་གྱིས་འཁོར་སྐྱོད་ཚད་ལྡན་ཅན་དུ་འདེགས་སྐྱོར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་བློ་རིག་ཡིག་སྐུར་ཞུ་ཡིག་ཆ་འཕྲིན་སྟེགས་བུ་ཇེ་ལེགས་སུ་བཏང་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཆ་འཕྲིན་སྟེགས་བུ་དང་འབྲེལ་མཐུད་བྱས་ཏེ་གྲངས་གཞིའི་བཀག་རྒྱ་གཏོར་ནས་ཡིག་སྐུར་ཞུ་ཡིག་ཆ་འཕྲིན་མཉམ་སྤྱོད་དང་དུས་བབ་མཐུན་སྦྱོར་ཞིབ་འཇུག་བརྡར་གཅོད་མངོན་འགྱུར་བྱས་ནས་ཆ་འཕྲིན་ཅན་དུ་བརྟེན་ནས་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། “གནད་དོན་ཡར་སྤྲོད་མི་བྱེད་པ་དང་། བདེ་འཇགས་ངང་དོན་རྐྱེན་མི་ཐོན་པ། ཞབས་ཞུ་མི་འདང་བ་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཡིག་སྐུར་ཞུ་གཏུག་གི་དོན་དག་གཙོ་གནད་ཞིབ་བཤེར་དང་གསེད་བཀྲོལ་བྱས་ཏེ། ཚང་མ་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅོས་སྐྱོང་བྱ་རྒྱུར་སྤྲད་ནས་ཐག་གཅོད་བྱ་དགོས། 2025ལོའི་ལོ་སྟོད་དུ་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཡིག་སྐུར་ཞུ་ཡིག་བདག་སྤྲོད་དང་བསྒྲུབས་པའི་དོན་དག་ཐེངས་གཅིག་ཐག་གཅོད་བྱེད་ཚད97.2%ཟིན་ཡོད།

དུས་མཚུངས་སུ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། འབྱུང་ཁུངས་སྔོན་འགོག་དང་མདུན་སྣེ་སེལ་བའི་ཐད་འབད་བརྩོན་བྱ་རྒྱུར་མཐོང་ཆེན་བྱས་ཏེ་རྫོང་རིམ་པས་འགལ་བ་མཉམ་འབྲེལ་སྙོམས་སྒྲིག་བྱེད་སྟངས་བེད་སྤྱོད་ཡག་པོ་དང་། འཚམས་འདྲི་དང་འདུམ་སྒྲིག་ཟུང་འབྲེལ་བྱས་ནས་འདུམ་འགྲིག་སྔོན་ལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་འདུམ་འགྲིག་པ་དང་། བཅའ་ཁྲིམས་ལས་དོན་པ། གཞི་རིམ་ཏང་རྩ་འཛུགས་དང་ས་གནས་ཁག་གི་སྤུས་རྟགས་འདུམ་འགྲིག་ཁང་བཅས་ཡིག་སྐུར་འདྲི་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ།ཡིག་སྐུར་ཞུ་དོན་དག་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་གྱོད་དོན་མཇུག་སྒྲིལ་དང་དོན་སྙིང་གཉིས་ཀ་ཐག་གཅོད་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། 2025ལོའི་ལོ་སྟོད་དུ། འདུམ་འགྲིག་བྱེད་སྟངས་བརྒྱུད་ཐག་གཅོད་བྱས་པའི་ཡིག་སྐུར་ཞུ་དོན་དག་དུས་མཚུངས་ལས31%འཕར་ནས་ཡིག་སྐུར་ཞུ་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ལག་ལེན་ཁྲོད་ཕན་འབྲས་བཟང་པོ་དང་། མྱུར་ཚད་མགྱོགས་པ། ཁས་ལེན་ཚད་མཐོ་བ་བཅས་ཀྱི་ཐག་གཅོད་ཐབས་ལམ་ཞིག་ཏུ་གྱུར་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།