མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས“མཐོ་རིམ་ཇུས་འགོད་ཁ་ཕྱོགས་གཏན་འཁེལ་དང་། མ་ལག་ལྡན་པའི་སྒོ་ནས་གཅིག་སྡུད་ཤུགས་ལ་སྐུལ་འདེད་གཏོང་བ། འབེན་ཕྱོགས་ཀྱི་ཐབས་ཇུས་ལག་བསྟར་བྱས་ནས་དཀའ་གནད་སེལ་བའི”འགག་སྒྲོལ་གྱི་རྣམ་འགྱུར་ཐོག་ནས་མང་ཚོགས་ཀྱི་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཞི་རིམ་གྱི་ཆབ་སྲིད་སྣོད་བཅུད་མུ་མཐུད་གཙང་འགྱུར་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐུན་རིན་གྲོང་ཁྱེར་གྱིས“3+3+2+2+16”བཅོས་སྒྲིག་རྣམ་གྲངས་དེ་ཆབ་སྲིད་ལས་འགན་གལ་ཆེན་གྱི་གྲས་སུ་བཞག་ནས་བཅོས་སྒྲིག་ལས་འགན་གྱི་ཞིབ་ཐོ་བཟོས་པ་དང་འགན་འཁྲི་དང་དུས་ཚད་ཁ་གསལ་བྱས་ཏེ“ཏང་ཨུས་འགོ་ཁྲིད་དང་།སྲིད་གཞུང་གིས་གཙོ་འཛིན་བྱེད་པ།སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ལྟ་སྐུལ།ལས་ཁུངས་གྱིས་མཐུན་སྦྱོལ”ཞེས་པའི་ལས་ཀའི་རྣམ་པ་ཧུར་ཐག་འཛུགས་པ་དང་། “འགོ་ཁྲིད་འགན་གཙང་སྦྲེལ+ཆེད་དོན་ལྟ་སྐུལ་མཛུབ་ཁྲིད”ལམ་སྲོལ་བཙུགས་ནས་ཡུལ་ཚོ་དང་གྲོང་རྡལ། ལས་ཁུངས་ཀྱི་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་རྩིས་ཐོ་ཞིབ་བཤེར་དང་།འཚམས་འདྲི།ཐག་གཅོད་བྱེད་སྟངས་ཚད་ལྡན་བཅས་བྱས་པ་བརྒྱུད་གྲོང་གསེབ་གྱི“མ་དངུལ་གསུམ”ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ། དུར་འཇུག་ཁྱབ་ཁོངས་ཀྱི་སྒྲིག་འགལ་གྲོན་དངུལ་བསྡུ་བའི་གནད་དོན་བཅོས་སྒྲིག་བཅས་བྱས་པ་ཟད། ད་དུང་འབྲེལ་ཡོད་འགན་ནུས་ལས་ཁུངས་ལ་མཐུན་སྦྱོར་བྱས་ནས་མང་ཚོགས་ལ་ཐོབ་འོས་པའི་གྲོན་དངུལ་སྒོར་ཁྲི་800ལྷག་ཙམ་ཚུར་བསྡུ་བྱས་ཏེ་བཅོས་སྒྲིག་གི་གྲུབ་འབྲས་དེ་དམངས་ཕན་གྱི་ཕན་འབྲས་དངོས་ལ་བསྒྱུར་ཏན་ཏིག་བྱ་དགོས། སློབ་གསོ་དང་།རྒན་རྒྱུན།ཞིང་འབྲོག་ཕན་ཁ་གསབ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁྱབ་ཁོངས་གཙོ་བོར་དམིགས་ནས་ཆེད་གཉེར་འཛིན་གྲྭ་བཙུགས་ནས“གྲོང་ཚོ་རེ་རེ་བཞིན་ཞིབ་བཤེར་དང་།དུད་ཚང་རེ་རེ་ནས་འཚམས་འདྲི། རྣམ་གྲངས་རེ་རེ་བཞིན་ཞིབ་དཔྱད་བཅས་ཀྱི་རྣམ་པའི་ཐོག་ནས་བཅོས་སྒྲིག་བྱ་སྤྱོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
གཞན་ཡང་ལས་ཁུང་ཀྱིས་མཉམ་འགུལ་དང་ཕྱོགས་མང་པོའི་གྲོས་མོལ་བྱས་པ་བརྒྱུད་བཙོག་ཆུ་འགག་པ་དང་དཀའ་ངལ་རོགས་སྐྱོར། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་སོགས་ཛ་དྲག་དང་དཀའ་ངལ་ཆེ་བའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་གསབ་ནས་དམངས་ཚིས་རེ་འདུན་ལ་ལན་སློག་ཚད་གང་ལེགས་བྱས་ཡོད། དམངས་ཚིས་ཐད་སྦྲེལ་ཁ་པར12345དང་སྲིད་གཞུང་དྲ་ཚིགས་ཀྱི་ཞུ་གཏུག་སྒམ་བརྒྱུད་གནད་དོན་གྱི་ཁུངས་སྣེ་བསྡུ་ལེན་གྱི་སྤྱི་སྒྲོག་ཁྱབ་སྒྲོག་བྱས་པ་དང་ཁུངས་སྣེ་གཏིང་ཟབ་ཏུ་སྔོག་པ་བརྒྱུད་གནད་དོན་གྱི་འབྱུང་རྩ་འཚོལ་ཞིབ་བྱས། གྲོང་ཁྱེར་དང་ཞང་རིམ་གཉིས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ།“ཁང་སྒྲིག་དང་ས་ཁུངས”མཉམ་འགུལ་གཏིང་ཟབ་ཏུ་བཏང་སྟེ། ལས་ཁུངས་མང་པོས་མཐུན་སྦྱོར་བྱས་ནས་འགན་འཁྲི་མགྱོགས་མྱུར་གཏན་འཁེལ་བྱས་ཏེ་འཇིགས་སྐུལ་ཆགས་ནས་བཅོས་སྒྲིག་ལྟ་སྐུལ་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས།