མཚོ་སྔོན་གྱིས་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལོ་གསུམ་ལས་འགུལ་གྱི་ལས་འགན་ལས་བགོས་ཇུས་གཞི་བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་བཅས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་གསུམ་ལས་འགུལ(2025ལོ་ནས་2027ལོ་བར)ཀྱི་གཙོ་གནད་ལས་བགོས་ཇུས་གཞི》པར་འགྲེམས་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།

《ལས་བགོས་ཇུས་གཞིའི》ནང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཁག་ཁག་གི་སྟོབས་ཤུགས་གཅིག་གྱུར་གྱིས་འཛད་སྤྱོད་མཁོ་སྤྲོད་ཆེ་རུ་གཏོང་བ་དང་། འཛད་སྤྱོད་སྒྲིག་ལམ་ཇེ་ལེགས་སུ་གཏོང་བ། འཛད་སྤྱོད་ཁེ་དབང་ཕན་འབྲས་ཆེ་རུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལ་ཐུན་མོང་གིས་བཅོས་སྐྱོང་བྱེད་པ། འཛད་སྤྱོད་ཁོར་ཡུག་སྣེ་ཁྲིད་བྱེད་པ་སོགས་ལས་འགུལ་ཆེན་པོ་ལྔ་ལ་དམིགས་ཏེ་ཞིང་ཆེན་གྱི་བྱེད་ཐབས་ཞིབ་ཕྲ་བཏོན། འཛད་སྤྱོད་མཁོ་སྤྲོད་སྤུས་ཚད་ཇེ་མཐོར་གཏོང་བའི་ལས་འགུལ་ལག་བསྟར་བྱས་ཏེ། སྐྱེ་ལྡན་འཕང་འབྲས་དང་། ནོར་ནག བོད་ལུག་སོགས“མཚོ་ཡིག་ཨང”ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་ལས་གཞིར་སྐུལ་འདེད་གཏོང་བ་དང་། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་ཁྱབ་ཁོངས་ཀྱི་སྤུས་ཚད་སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཕྱི་ཕྱོགས་ཐོན་རྫས་ཀྱི་ལམ་ཐིག་གཅིག་མཚུངས་དང་ཚད་གཞི་གཅིག་མཚུངས་དང་སྤུས་ཚད་གཅིག་མཚུངས་ཡོང་བར་སྐུལ་འདེད་གཏོང་དགོས། ཞབས་ཞུའི་འཛད་སྤྱོད་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས་ཚྭ་ཁ་ཚྭ་མཚེའུ་མཁའ་སྐར་སྒར་ས་སོགས“ལྗང་མདོག་འཛད་སྤྱོད་ས་རྟགས”དང་གྲོང་ཁྱེར་གྱི“ཆུ་ཚོད་བཞི་ཆ་གཅིག”གི་དམངས་བདེ་ཞབས་ཞུའི་མུ་ཁྱུད་བསྐྲུན་དགོས། འཛད་སྤྱོད་སྒྲིག་ལམ་ཇེ་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་མ་མཐའི་མཐའ་སྲུང་ནན་མོ་བྱེད་པ། དྲ་རྒྱའི་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ། རྒྱུག་ཚད་རྫུན་བཟོ་དང་། འཛིན་ཡིག་གཡོ་འཕྲུལ་དང་འཕྲིན་ཡིག་གཡོ་འཕྲུལ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ། གྲོང་གསེབ་ཀྱི་འཛད་སྤྱོད་ཁྲོམ་ར་གཙང་འགྱུར་གྱི་ལས་འགུལ་ལག་བསྟར་དང་། ས་གནས་སྲུང་སྐྱོང་དང་ཁྲོམ་ར་ཁ་འཐོར་ལ་བཅོས་སྒྲིག། རིན་གོང་ལྟ་སྐུལ་འགྲན་རྩོད་སྲུང་སྐྱོབ་ཀྱི་བྱ་སྤྱོད་སྤེལ་ནས། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བའི་ལས་འགུལ་ལག་བསྟར་བྱས་ནས་ཁེ་ལས་ཆེ་གྲས་ཀྱིས་འཛད་སྤྱོད་རྩོད་གཞི་དྲ་ཐོག་ནས་ཐག་གཅོད་བྱེད་པའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་སྟེགས12345དང་12315ཡི་གཞི་གྲངས་བསྡུ་སྒྲིལ་བྱེད་པ། འཛད་སྤྱོད་ཞུ་གཏུག་གི་གྲངས་གཞི་ཆེན་པོར་དབྱེ་ཞིབ་བཅོས་སྐྱོང་ལམ་སྲོལ་འཛུགས་པ།“གཏུག་བཤེར་དང་འདུམ་འགྲིག་སྦྲེལ་མཐུད་”དང“མཉམ་སྤྱོད་ཁྲིམས་ཁང”གི་རྣམ་པ་ཁྱབ་གདལ་བཏང་ནས་ཁེ་དབང་སྲུང་སྐྱོང་གི་མ་གནས་ཇེ་དམའ་རུ་གཏོང་དགོས། འཛད་སྤྱོད་ཁོར་ཡུག་མཉམ་སྐྱོང་གི་བྱ་སྤྱོད་ལག་བསྟར་བྱས་ཏེ་གཉེར་སྐྱོང་མཁན་གྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྒྲིག་སྲོལ་དང་མཐུན་པའི་མ་ལག་འཛུགས་རྒྱུར་ཁྲིད་སྟོན་དང་། ལས་རིགས་མཐུན་ཚོགས་ཀྱིས་རང་གཅུན་སྤྱི་ཆིངས་བཟོ་རྒྱུར་སྐུལ་འདེད་གཏོང་བ། འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་འཛད་སྤྱོད་དྲན་སྐུལ་དང་ཉེན་བརྡ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ།འཛད་སྤྱོད་སློབ་གསོ“སློབ་གྲྭ་དང་། སྡེ་ཁུལ། གྲོང་གསེབ་བཅས་སུ་བསྐྱོད་པར”སྐུལ་འདེད་གཏོང་དགོས། འཛད་སྤྱོད་ཁོར་ཡུག་སྣེ་ཁྲིད་ཀྱི་ལས་འགུལ་ལག་ལེན་དུ་བསྟར་བ་དང་། ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་རིམ་པར་དབྱེ་བ། “སེམས་བདེ་ལྔའི”འཛད་སྤྱོད་དཔེ་སྟོན་གསོ་སྐྱོང་བ། ས་གནས་གཞན་དང་ཚོང་ཁང་མི་འདྲ་བའི་རྒྱུ་མཚན་མེད་པའི་ཚོང་ཟོག་ཕྱིར་གཏོང་བརྗེ་རེས་ལམ་སྲོལ་འཚོལ་ཞིབ་བྱེད། ས་ཁོངས་ཡོངས་ཀྱི་འཛད་སྤྱོད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་སྤེལ་བ། ས་ཁོངས་ཀྱི་འཛད་སྤྱོད་ཁོར་ཡུག་འཛུགས་སྐྲུན་གྱི་ཚད་གཞི་བསྐྲུན་པ་བཅས་བྱ་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།