ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡུས་ཧྲུའུ་ཁུལ་དུ་བསྐྱོད་དེ《མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་སྲོལ་ཡིག》ལ་ཁྲིམས་འཛུགས་རྟོག་ཞིབ་དང“སྨན་གསུམ”མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས25ཉིན་ནས་ཚེས27ཉིན།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ། 《མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་སྲོལ་ཡིག》ལ་ཁྲིམས་འཛུགས་རྟོག་ཞིབ་བྱས་པ་མ་ཟད། སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་རྫས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་དང་ཆུ་དམར་ལེབ་རྫོང་དུ་བསྐྱོད་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་ཡིག་ཚགས་ཅུའུ་དང་སྨན་བཅོས་འགན་སྲུང་ཅུའུ། ཕྱོགས་བསྡུས་སྨན་ཁང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁ་ཤས་སུ་བསྐྱོད་དེ།  ཡིག་ཚགས་ཀྱི་རྒྱུ་ཆ་དོ་དམ་ལེགས་སྒྲིག་དང་སྒོ་འབྱེད་བེད་སྤྱོད་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། སྨན་བཅོས་འགན་སྲུང་ཐེབས་རྩའི་འཁོར་སྐྱོད་དང་སྨན་བཅོས་འགན་སྲུང་གི་གྲོན་དངུལ་སྤྲད་ཚད། སྨན་རྫས་འདོན་སྤྲོད་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད་བསམ་འཆར་བསྡུ་ལེན་བྱས།

རྟོག་ཞིབ་ཚན་ཆུང་གིས་ཡུས་ཧྲུའུ་ཁུལ་གྱི་ཡིག་ཚགས་བྱ་བ་དང“སྨན་གསུམ”མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་བྱ་བར་གདེང་འཇོག་གང་ལེགས་བྱས། རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཡིག་ཚགས་སྡེ་ཁག་གིས “ཡིག་ཚགས་བྱ་བའི་ཏང་གི”ཆབ་སྲིད་ཀྱི་ངོ་བོ་བློ་ལ་བརྟན་པོར་ངེས་དགོས།    ”ཁྲིམས་འཛུགས་བརྒྱུད་རིམ་ཁྲོད། ཡིག་ཚགས་དོ་དམ་ལེགས་སྒྲིག་གཙོ་བོར་འཛིན་པ་དང་། སྲུང་སྐྱོབ་བེད་སྤྱོད་དང་དོ་དམ་སོགས་ཀྱི་བྱ་འགུལ་ལ་དམིགས་ཏེ། དངོས་གནས་གནད་དོན་ལ་དམིགས་ནས་ཁྲིམས་འཛུགས་དང་ཁྲིམས་འཛུགས་ཀྱིས་གནད་དོན་ཐག་གཅོད་བྱས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྱད་ཆོས་ལྡན་པའི་ཁྲིམས་འཛུགས་དང་ཞིབ་ཅིང་ཕྲ་བའི་ཁྲིམས་འཛུགས་ལ་སྔར་ལས་སྐུལ་འདེད་བཏང་ནས། ཁྲིམས་འཛུགས་ཀྱི་སྤུས་ཚད་དངོས་གནས་མཐོར་འདེགས་སུ་བཏང་།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། སྨན་བཅོས་འགན་སྲུང་དང་སྨན་རྫས་ལྟ་སྐུལ་སོགས་སྡེ་ཁག་གིས་མཐུན་སྦྱོར་རོགས་རེས་ལ་ཤུགས་བསྣན་ནས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་བཏང་སྟེ། “སྨན་གསུམ”མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་གི་སྡེ་ཁག་བརྒལ་བའི་བྱ་བའི་རྐྱེན་སྲོལ་གསར་སྐྲུན་བྱས། མང་ཚོགས་ཀྱི་རེ་སྒུག་ལ་དམིགས་ནས། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་ཤུགས་ཆེ་རུ་གཏོང་བ་དང་དོ་མཉམ་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ།    སྨན་བཅོས་འགན་སྲུང་གི་ཐེབས་རྩ་གཞི་རིམ་སྨན་བཅོས་ལས་ཁུངས་སུ་སྤེལ་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་།     ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།    མང་ཚོགས་ཀྱི་ལྟ་སྐུལ་འབྲེལ་ལམ་སྔར་ལས་ཡངས་བར་བྱེད་པ།    ལྟ་སྐུལ་དོ་དམ་ནུས་ཤུགས་གཅིག་བསྡུས་བཅས་བྱས་ཏེ། རང་ཞིང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།