ཞིང་ཆེན་དམངས་སྲིད་ཐིན་གྱིས་ཧུར་ཐག་སྒོས་རྒན་པའི་མཛའ་མཐུན་རང་བཞིན་གྱི་སྡེ་ཁུལ་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས2025ལོ་ནས2026ལོའི་བར་གྱི་དཔེ་སྟོན་རང་བཞིན་གྱི་རྒན་པའི་མཛའ་མཐུན་སྡེ་ཁུལ་བསྐྲུན་པའི་ལས་དོན་ཕྱོགས་ཡོངས་ནས་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་དཔེ་མཚོན་འདེམས་པ་དང་དྲིལ་བསྒྲགས་ཁྱབ་གདལ་བཏང་ནས་རྒན་པ་རྣམས་ཀྱི་བདེ་སྐྱིད་ཀྱི་ཚོར་སེམས་སྔར་ལས་ལྷག་པའི་སྒོ་ནས་ཆེ་རུ་བཏང་། 

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་ཀྱི་བཀོད་པ་ཁྱོན་ཡོངས་ནས་ལེགས་སྒྱུར་བྱས་ཏེ། རྫོང(གྲོང་ཁྱེར་དང་ཁུལ)དང་། གྲོང་རྡལ(ཁྲོམ་གཞུང)སྡེ་བ(སྡེ་ཁུལ)བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་།  སྡེ་ཁུལ་དུ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཕན་ནུས་ལྡན་པའི་སྒོ་ནས་ཁྱོན་ཡོངས་ལ་ཁེབས་པར་བྱས་ཏེ། རྒན་པར་ཟ་མ་སྐྱེལ་བའི་ཞབས་ཞུ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་བ་དང་། བྱེད་ནུས་སྣ་མང་གཅིག་གྱུར་ཡིན་པའི་སྡེ་ཁུལ་གྱི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་ཁག་ཅིག་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་གྱི“དུས་ཚོད་སྐར་མ་བཅོ་ལྔའི་རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས”དང་གྲོང་གསེབ་ཀྱི“རོགས་རེས་རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས”འཛུགས་སྐྲུན་བྱེད་རྒྱུ་རེད། 

དུས་མཚུངས་སུ། རོང་འབྲོག་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཞན་ཆ་གསབ་པའི་བྱ་འགུལ་སྤེལ་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཟོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གྱི་རྒན་གསོའི་ཞབས་ཞུའི་ཐད་ཕན་ཚུན་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ། གྲོང་ཁྱེར་གྱི་སྤུས་ལེགས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བཅས་བྱེད་དགོས། འབྲེལ་མཐུད་ཅན་དང་ས་ཁོངས་ལས་བརྒལ་བའི་ཚབ་གཉེར་གྲོང་གསེབ་ཀྱི་རྒན་གསོའི་སྒྲིག་གཞི་དང་རོགས་རེས་བདེ་སྐྱིད་ཁང་སོགས་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་དང་།  གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་གཉེར་སྐྱོང་ནུས་པ་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་ཁང100འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་རྫོང་ཁོངས་ཀྱི་གྲོང་གསེབ་རྒན་གསོའི་ཞབས་ཞུ་གསར་གཏོད་ཀྱི་ཚོད་ལྟའི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱ་རེད། 

ཁྱིམ་སྡོད་རྒན་གསོའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཀྱི“གསར་པ་གཉིས”ཀྱི་རྣམ་གྲངས་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ལོ60ཡན་གྱི་དགོས་མཁོ་ཡོད་པའི་རྒན་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ད་ལོ་འཆར་གཞི་ལྟར་ཁྱིམ་ཚང་རྒན་གསོའི་ཉལ་ཁྲི1000འཛུགས་སྐྲུན་དང་དཀའ་ངལ་ཡོད་པའི་རྒན་པའི་ཁྱིམ་ཚང2000ཀྱི་བསྒྱུར་བཀོད་ཀྱི་ལས་འགན་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་ཡོད། ཁང་པ་མཛེས་བཟོ་བྱེད་རྒྱུ་དེ་ཁྱིམ་སྡོད་རྒན་གསོའི་སྒྱུར་བཀོད་ཁྲོད་ཚུད་པར་བྱས་ཏེ། འཛད་སྤྱོད་ལས་དོན་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་སྡེ་ཁུལ་དུ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ཁྱབ་ཚད90%ཡན་ཟིན་པར་བྱེད་རྒྱུ།  ནུས་པ་ཤོར་བའི་རྒན་པའི་ལྟ་སྐྱོང་ཞབས་ཞུར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། གཞུང་གཉེར་རྒན་གསོའི་ལས་ཁུངས་ཀྱི་ཆེད་ལས་ལྟ་སྐྱོང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། རྫོང་རིམ་པའི་ས་ཁུལ་ལ་སྐར་གཉིས་ཡན་གྱི་རྒན་གསོའི་ལས་ཁུངས་ཡོད་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ལས་ཁུངས་ཀྱི་བདག་སྐྱོང་ཅན་གྱི་ཉལ་ཁྲི་ཡིས་བརྒྱ་ཆའི60ཡན་ཟིན་ཡོད་ལ། གཅིག་སྡུད་གསོ་སྐྱོང་བྱེད་འདོད་ཡོད་པའི་དཔལ་འབྱོར་དཀའ་ངལ་ཅན་གྱི་རྒན་པ་ཚང་མ་གཅིག་བསྡུས་གསོ་སྐྱོང་བྱས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།