ཉེ་ལམ། སློབ་གསོ་པུའུ་གཞུང་སྒྲུབ་ཐིན་གྱིས་བརྡ་ཐོ་པར་འགྲེམས་བྱས་ནས། སྐོར་ཐེངས་གསུམ་པའི་རྒྱལ་ཡོངས་སློབ་གྲྭའི་མྱུར་སྐྱོབ་སློབ་གསོའི་ཚོད་ལྟའི་སློབ་གྲྭའི་མིང་ཐོ་ཁྱབ་བསྒྲགས་བྱས་ཏེ། སློབ་གྲྭ2926སྐོར་ཐེངས་གསུམ་པའི་རྒྱལ་ཡོངས་སློབ་གྲྭའི་མྱུར་སྐྱོབ་སློབ་གསོའི་ཚོད་ལྟའི་སློབ་གྲྭ་རུ་གཏན་འཁེལ་བྱས། དེའི་ནང་དུ་རང་ཞིང་གི་སློབ་གྲྭ་མང་པོ་བདམས་ཡོད།
རྒྱལ་ཡོངས་ཀྱི་སྐོར་ཐེངས་གསུམ་པའི་མྱུར་སྐྱོབ་སློབ་གསོའི་ཚོད་ལྟའི་སློབ་གྲྭར་བདམས་ཡོད་པའི་སློབ་གྲྭ་ནི། མཚོ་སྔོན་ཧོང་ཁྲོན་སློབ་འབྲིང་དང་། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་སློབ་འབྲིང་དང་པོ། ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཆ་ཚང་སློབ་འབྲིང་གཉིས་པ། སྟོང་སྐོར་རྫོང་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་ཤར་གྲོང་ཁྱེར་སློབ་འབྲིང་བཞི་པ། མཚོ་ཤར་གྲོང་ཁྱེར་ཁྲའོ་དབྱང་སློབ་འབྲིང་། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་ཕིན་ཨན་སློབ་ཆུང་། མིན་ཧོ་རྫོང་དམའ་རིམ་སློབ་འབྲིང་བཞི་པ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཞིན་ཨན་མཐོ་རིམ་སློབ་འབྲིང་། དཔའ་ལུང་རྫོང་ལས་རིགས་ལག་རྩལ་སློབ་གྲྭ། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་སློབ་འབྲིང་གཉིས་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རྐང་ཚ་རྫོང་བཅའ་སྡོད་མི་རིགས་དམའ་རིམ་སློབ་འབྲིང་། མདོ་ལ་རྫོང་སློབ་ཆུང་གཉིས་པ། ཏུའུ་ལན་རྫོང་མཐོ་རིམ་སློབ་འབྲིང་། ཝུའུ་ལན་རྫོང་སློབ་འབྲིང་དང་པོ། ཡུས་ཧྲུའུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ། མགོ་ལོག་རྟ་བོ་མི་རིགས་སློབ་འབྲིང་། རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་སློབ་འབྲིང་། གུང་ཧོ་རྫོང་གི་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ། ཀོས་ནན་རྫོང་སློབ་འབྲིང་། ཁྲི་ཀ་རྫོང་རྨ་ནུབ་བཅའ་སྡོད་སློབ་གྲྭ། ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ། ཧི་ནན་སོག་རིགས་རང་སྐྱོང་རྫོང་བཅའ་སྡོད་སློབ་འབྲིང་། མཚོ་སྔོན་དགེ་འོས་སློབ་ཆེན་ཁོངས་གཏོགས་ཚོད་ལྟའི་སློབ་འབྲིང་། མཚོ་སྔོན་ཚྭ་འདམ་གཞོང་ལས་རིགས་ལག་རྩལ་སློབ་གླིང་། ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་བཞི་པ་བཅས་རེད།
སློབ་གསོ་པུའུ་ཡིས་ད་དུང《སྐོར་ཐེངས་གསུམ་པའི་རྒྱལ་ཡོངས་སློབ་གྲྭའི་མྱུར་སྐྱོབ་སློབ་གསོའི་ཚོད་ལྟའི་བྱ་བའི་ཕྱོགས་སྟོན》དང《སློབ་གྲྭའི་མྱུར་སྐྱོབ་སློབ་གསོའི་སློབ་ཚན་སློབ་ཁྲིད་རྩ་འཛིན(2024ལོའི་པར་གཞི)》པར་འགྲེམས་བྱས་ལ། དེའི་དམིགས་ཡུལ་ནི་བདམས་ཐོན་བྱུང་བའི་སློབ་གྲྭས་སློབ་གྲྭའི་ནང་དུ་མྱུར་སྐྱོབ་དང་མྱུར་སྐྱོབ་སློབ་གསོའི་སྒྲིག་ཆས་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དགེ་སློབ་ཀྱི་མྱུར་སྐྱོབ་སློབ་གསོར་ཤུགས་སྣོན་རྒྱག་པ། དང་བླངས་ཞབས་ཞུ་ཧུར་ཐག་གིས་སྤེལ་བ། འདྲ་བཟོ་དང་ཁྱབ་སྤེལ་བྱེད་ཆོག་པའི་སློབ་གྲྭའི་མྱུར་སྐྱོབ་སློབ་གསོའི་ཉམས་མྱོང་དང་བྱེད་སྟངས་འཚོལ་ཞིབ་དང་གསོག་འཇོག་བྱས་ཏེ། སློབ་གྲྭའི་མྱུར་སྐྱོབ་སློབ་གསོའི་མི་གསོ་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ། སློབ་གྲྭའི་མྱུར་སྐྱོབ་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པར་སྣེ་ཁྲིད་བྱ་རྒྱུ་དེ་རེད།